R137: ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གྱི་རྣམ་པར་མཐར་པ་ངོ་མཚར་གྱི་རྒྱ་མཚོ།

  • Pagination (Witness A): ༣༨ན
[A:༣༨ན]འབུལ་དུ་བྱུང་བ་ལ་མིང་ཅི་ཟེར་གསུངས་པས། མཐར་པ་རྒྱལ་མཚན་ཟེར་བ་ལགས་ཟེར་[C:334]བས་ཀྱང་དགྱེས་ཏེ། བླ་མ་ཕུན་ཚོགས་པ་ལ་ཞོ་དེ་དཀྲུགས་ལ་ས་ཆུ་དང་བསྲེས་ལ་གང་ཁྱེབ་དུ་གཏོར་ཤོག་གསུང་བ་དང༌། ཆོས་རྗེ་ཀུན་དགའ་དཔལ་བ་ལ་ཇ་ཕག་དེ་བསིལ་ལ། ནས་དང༌། རིན་པོ་ཆེ་སོགས་དང་བསྲེས་ལ་གཏོར་ཤོག་གསུང་བ་བཞིན་ཁོང་རྣམས་གཉིས་ཀྱིས་གཏོར་བས། དེ་དག་གིས་གོང་ཁྱེབ་པའི་ས་ཡུལ་རྣམས་དིང་སང་དགོན་པས་གང་བ་འདི་ཡིན་པར་གྲགས་ལ། དེར་གཟིམས་ཁང་ཀ་བ་ཉི་ཤུ་རྩ་བརྒྱད་ཀྱི་ས་གྲས་ཏེ་རྩིག་རྨང་བཞག་ནས་རྩིག་པ་ཁྲུ་གང་ཙམ་དུ་ལོངས་པ་ན། གཙུག་ལག་ཁང་ཀ་ཆེན་བཞི་སྐོར་ལམ་དང་བཅས་པའི་མདུན་དུ། འདུ་ཁང་ཀ་ཆེན་བརྒྱ་ཐམ་པའི་ས་གྲས། རྩིག་རྨང་བཏིང་བས་གཟིམས་ཁང་གི་ཐད་དུ་འཇའ་རྒྱལ་མཚན་འདྲ་བ་ཁ་དོག་སྣ་ཚོགས་ཡོད་པ་ཅིགཞིག་དགུན་སྟོད་ལ་ཉེ་བའི་བར་དུ་དུས་འཁོར་མར་བྱུང་ཞིང༌། གཙུག་ལག་ཁང་གི་ཐད་དུའང་སྐབས་ལ་ལར་འཇའ་འོད་དང་མེ་ཏོག་གི་ཆར་འབབ་པ་དང༌། གཞན་ཡང་ངོ་མཚར་བའི་ལྟས་དུ་མ་བྱུང༌། ཟླ་བ་རྟིང་མའི་ཚེས་བརྒྱད་ལ་ཉན་པོ་ནས་ཐམས་ཅད་མཁྱེན་པ་རོང་སྟོན་ཆེན་པོདཔོན་སློབ་མཐའ་དག་གནས་དེར་ཉིན་སྐོར་ལ་བྱོན་ནས་ཐོག་མར་གཟིམས་ཁང་གི་རྨང་ཏིང་སར་ཕེབས། ཨ་ལ་ལ། ཨ་ལ་ལ། འདི་འདྲའི་གནས་དང་ཁང་པའི་བཀོད་པ། ཡིད་ལ་ཇི་ལྟར་འདོད་པ་ལས་ཀྱང་ལྷག་པ་ཙམ་དུ་འདུག །གྲྭ་བ་རྣམས་ཀྱིས་འདིར་མཐོ་རྩོགལྕོག་རེ་རྒྱོབ་གསུང་པ་བཞིན་རྒྱབབརྒྱབས་པས་མང་དུ་བྱུང་བ་རྣམས་བགྲངས་པ་ན་མཐོ་བཞི་བཅུ་ཞེ་དགུ་འདུག་སྟེ། དུས་ཕྱིས༌[B:༧༣] ཁང་ཚན་བཞི་བཅུ་ཞེ་དགུ་ཚུགས་པའི་རྟེན་འབྲེལ་ཀྱངཡང་འགྲིག །དེ་ལ་ཕྱག་ནས་འཐོར་བ་སོགས་མཛད་ནས། གཙུག་ལག་ཁང་[C:335]འདུ་ཁང་དང་བཅས་པའི་རྩིག་རྨང་གི་ཐད་དུ་བྱོན་སྐུ་ཆོས་ཀྱི་གྲྭ་གཉིས་པོ་སྐུའི་ཕྲག་པ་གཡས་