R137: ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གྱི་རྣམ་པར་མཐར་པ་ངོ་མཚར་གྱི་རྒྱ་མཚོ།

  • Pagination (Witness A): ༣༨བ
[A:༣༨བ]གཡོན་ལ་སོ་སོར་གཟར། ཕྱག་གཉིས་སྐུ་རྒྱབ་དུཏུ་བསྣོལ་ནས་དབུ་ཅུང་ཟད་དུད་པ་དང་བཅས་པས་རྩིག་རྨང་གི་མཐའ་བསྐོར་བའི་ཚུལ་དུ་ཐེགས་བཞིན་པའི་ཞལ་ནས། ཕ་ཕ་ཕ་ཕ། ཡ་མཚན་ལ། ཡ་མཚན་ལ། ཧ་ཅང་ཡང་ཆེས་པ་མིན་ནམ། དྭགས་པོ་དབོན་པོ་བ་ངེད་རང་གི་འདི་ལ་ཐོག་འབུབས་པའི་རྩིས་ཀྱང་མཛད་དགོས། ལུང་པ་འདི་ན་ནི་ཤིང་མི་འདུག ཅུང་ཟད་ཆེས་པ་ཨེ་ཡིན་གསུང་པ་ལ། དམ་པ་འདིའི་ཞལ་ནས། བླ་མ་ཐུགས་རྗེ་ཆེ་བས་ཤིང་ཁ་འདྲ་རྙེད་དེ་འོང༌། ངེད་རང་གི་འདིར་དབུས་རྩངགཙང་ཁམས་གསུམ་འདུ་དགོས་པས་མ་ཤོང་གི་དོགས་ནས་རྒྱ་ཆེ་བ་གཙོ་བོར་བྱས་པ་ལགས། ཤིས་སོགས་ཡབ་སྲས་བཀའི་སྒྲོ་བ་མཛད་དེ། ཕྱག་ནས་གནང༌། དགོན་པའི་མིང་ནི་ནཱ་ལེནྡྲའོ་ཞེས་གསུངས། སླར་ཆོས་ཁྲིའི་ས་ཡུལ་དེར་ཕྱགས་ཕབ། ས་འབུར་དུ་དོད་པ་འདི་ནི་དུང་དཀར་པོ་གཡས་སུ་འཁྱིལ་བའི་རྣམ་པ་ཅན་ཆོས་ཁྲིའི་ས་ཡུལ་འོས་པ་ཞིག་སྟེ། གྲྭ་པ་རྣམས་རྡོ་སྐྱོས་ལ། འདི་རང་དུ་ཆོས་ཁྲི་རྩིགས་ཤིག །མིང་ལ་བྱ་རྒོད་ཕུང་པོའི་རི་ཞེས་བྱའོ། ཞེས་གསུང་ཞིང་དུང་གི་འཁྱིལ་གྱི་ཐད་དུ་ཕྱག་འཁར་བཙུགས་པའི་ས་དེ་ཉིད་དུ་རྡོ་མང་པོ་དཔུངསསྤུངས་པས་ཆོས་ཁྲིའི་རྣམ་པར་བྱས་པ་ལ་བཞུགས་སྟེཏེ། རྟེན་འབྲེལ་བསྒྲིག་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སོགས་པ་ཆོས་མང་པོའི་དབུ་གཙུགས། གུང་ཚིགས་ལ་ཡོན་བདག་མཐར་པས་དཔོན་སློབ་བཅུ་གཉིས་གདན་དྲངས་པའི་ལམ་ཞོར་ལ། གཟིགས་ཁང་འོག་གི་ཐད་འདི་ན་ཁང་རུལ་གྱི་རྡོ་ཕུང་[C:336]ཆེན་པོ་ཅིགཞིག་འདུག་པ་ལ། བདག་ཉིད་ཆེན་པོ་འདིས་རྗེའི་དྲུང་དུ༌། མཁར་ལན་མ་འདིའི་ལག་གི་བླ་རེད་ཀྱིས་བྱེད་དགོས་པས། བདག་གི་ཁང་ཆུང་དེ་གཞན་དུ་མ་གྲུབ་དོགས་པ། རྡོ་མོད་ས་འདིར་བྱས་ཆོག་པ་ཞུས་པས། ཇི་ལྟར་བཞེད་པ་བཞིན༌[B:༧༤] མཛད་ཆོག་པའི་བཀའ་ཕེབས་ནས་རྡོ་ཕུང་