[A:༣༩ན]
དེ་ལ་ཕྱག་ནས་ཀྱང་མཛད། རིན་ཆེན་སྡིངས་པས་དཔོན་སློབ་བརྒྱད་རྒོངས་ཇ་ལ་གདན་དྲངས། རྟོགས་ལྡན་པས། ཀུན་མཁྱེན་རོང་པོའི་དྲུང་དུ་ཐུབ་དབང་གི་གསེར་སྐུ་ཅིགགཅིག་ཕུལ་བས། རྗེའི་ཞལ་ནས་"དེ་རིང་བསྟན་པའི་གཙོ་བོ་འདི་ལྟ་བུ་འབུལ་བ་ནན་ལྟར་རྟེན་འབྲེལ་ལེགས། བླ་མ་བས་ཁ་སང་ནས་ཀྱང་རྟེན་འབྲེལ་གང་ལེགས་མཛད་འདུག་པ་ངོ་མཚར་ཆེ"། ཞེས་གསུངས་ནས་ཐུགས་དགྱེས་ཚོར་ཆེན་པོ་མཛད། སླར་ཡང་དམ་པ་འདི་ཉིད་ལ་མཁར་ལས་ཀྱི་ལག་གི་བླ་འཕྲོ་ལ་མཛོད་ཅིག་པའི་བཀའ་བརྩལབསྩལ་དང་བཀོད་པ་གནང་འོས་རྒྱས་པར་མཛད་ནས་ཉན་པོར་ཐེགས། བདག་ཉིད་ཆེན་པོ་འདིས་གཟིགས་ཁང་འོག་མའི་ས་ཡུལ་དེར་ཀྱང་ཅོག་བུ་ཕུབ་ནས་ཞག་གཅིག་བཞུགས་ཏེ་ས་བྱིན་གྱིས་བརླབས། རིན་ཆེན་སྡིངས་པའི་བཙུན་མ་སོགས་ལ་རྩིག་རྨང་བགྱིད་དུ་རྩལབསྩལ། ཕྱགས་ཕྱིར་ཁང་ཚན་མཁར་ལས་ལ་དུངས་པ་འགའ་ཞིག་ཀྱང་བསྡད། སྟོན་བཞུག་དེ་ལ་གཙུག་ལག་ཁང་འདུ་ཁང་དང་བཅས་པའི་རྩིག་པ་ཁྲུ་རེ་ཙམ་དང༌། གཟིམས་ཁང་ཐོག་སོར་འཁྱོལ་ལ་ཁང་པ་དང༌། བྲན་ཁང་ཐོག་ཁེལ་བ་གཉིས་གསུམ་དང༌། རྨང་ཐིངས་པ་མང་དུ་བྱུང༌། འཁྱགས་ལ་ཐུགས་རྗེས་དཔོན་སློབ་ལྷན་དུ་ཆོས་བར་ལ་བཏེག །ཐོག་མར་དེབ་གོང་རྫོང་ནས་ཕོགས་ཕུལ། གྲབ་གསས་ཁང་དུ་བཞུགས། ཆོས་རྗེ་རྒྱལ་[C:337]མཚན་ལེགས་གྲུབ་པས་ཡབ་སྲས་གཉིས་ཀའི་ཞགས་ལ་གཏུགས་པ་རྗེས་སུ་བཟུང་ནས་སྨིན་པར་མཛད། དེ་ནས་རིམ་གྱིས་ལོ་དང་བྱ་ཡུལ་བས་སྤྱན་དྲངས། མེ་ཕོ་འབྲུག་ལོ་ཧོར་ཟླ་གཉིས་པའི་བཤམ་ལ་ནཱ་ལེནྡྲར་ཕེབས་རོང་སྟོན་ཆེན་པོས་རིན་སྡིངས་སུ་བཞུགས་ནས་ཉིན་རེ་བཞིན་ལས་ཆོས་གསུང་བར་བྱོན། ཁ་བ་བབ་པ་སོགས་ཀྱི་སྐབས་སུའང་ཕྱག་མཁར་ལ་བརྟེན་ཏེ་ཆོས་མ་ཆག་པར་གསུངས། དཔོན་