[A:༤༢བ]དབྱར་ཆོས་འཛུགས་པར་ཐེགས་པའི་ཞར་ལ། པོ་ཊ་ལའི་ཤར་ཕྱོགས་ཀྱི་[C:344]དགོན་གསར་དེར་ཕྱག་དྲུག་པའི་སྐུ་ལ་རབ་གནས་གནང་བས་ཕྱག་ནས་ཟུག་པ་དང༌། མེ་ཏོག་གི་ཆར་བབས་པ་སོགས་བྱུང༌། སྙིང་པོ་རྫོང་ཞོལ་དུ་ཞགསཞག་མཛད་པས་གཟིམ་གུར་ལ་འཇའ་ཚོན་སྣ་ལྔ་གསུམ་རིམ་དུ་འཁོར་བ་བྱུང༌། དེ་ནས་སྒོ་ལའི་ཐུར་འབེབས་པ་སྐུ་ངལ་བར་དགོངས་ཏེ་རིན་སྡིངས་ཀྱི་ཐད་ལ་ཕེབས། རྟོགས་ལྡན་རྡོར་བཀྲས་པས་མཇལ་དུ་སྐུ་ཁམས་ངན་པའི་ཚུལ་རྣམས་མ་བཟོད་པར་གདུང་ཤུགས་ཆེན་པོས་གསོལ་བ་བཏབ་པས་བྱིན་བརླབས་ཀྱི་སྟོབས་ཀྱིས་དགེ་སྦྱོར་ལ་བོགས་ཆེར་ཐོན་པ་བྱུང༌། དེ་ནས་གཟིམས་ཁང་གོང་མར་གདན་འཆའ་བར་མཛད། རྩེའི་དཀར་ཕིབས་སུ་ཡོལ་བའི་རིམ་པས་བསྐོར་ནས་བཞུགས། ཞག་པར་སྐུ་ངལ་བརྟེན་ཏེ། ཚེས་བཅུ་བཞི་ནས་དབྱར་ཆོས་ལྷོ་ཕྱོགས་ཀྱི་རབ་གསལ་ནས་གནང་བས། ཆོས་བཙུག་པའི་ཉིན་ནམ་མཁའ་སྤྲིན་དང་བྲལ་བའི་མཐོངས་ནས་མེ་ཏོག་གི་ཆར་བབ་པ་ཉི་མའི་དཀྱིལ་འཁོར་གྱི་ཐད་དུ་ཕུབ་ཙམ་དཀར་པོ་ཤས་ཆེ་བའི་ཁ་དོག་སྣ་ཚོགས་འཁོར་ཞིང་ལྡིང་ཞིང་བབ་པ་ས་ལ་ལྷུང་ནས་ཀྱང་ཆེ་ཤོས་རྣམས་སེན་མོ་ཙམ། དེ་ལས་ཆུང་བའི་ཚོགས་བསམ་གྱིས་མི་ཁྱབ་པ་ཆོས་ར་བ་རྣམས་ཀྱིས་བཟུང་ནས་ཐུམ་པོར་གཏུམས་པ་མང༌[B:༨༡] པོ་བྱུང་བས་ཀུན་ཡ་མཚན་པར་གྱུར་ཏོ། །རྡོག་བདེ་ཕུར་བཞུགས་དུས་མཚན་མོ་གཟིམས་གུར་འཇས་འཁོར་བའི་སྐད་ཆ་དེ་རི་བོ་དགེ་ལྡན་དུ་གྲགས་པ་ན། ཆོས་རྗེ་ཀུན་བཀྲས་པས་གསོལ་ཇ་ཇ་འདྲེན་དང་བཅས་ཏེ་མཚན་མོ་གཟིམས་གུར་ལ་འཇའ་ཟུག་པའི་ཚནམཚན་འདི་ལེགས་པར་མི་སེམསེམས་པས། ཐུགས་དམ་དང་སྐུ་རིམ་ལ་ཐུགས་རྩོལ་གནང་དགོས་པའི་སྙན་བསྐུལ་འབུལ་བར་བྱ་བ་དཔོན་པོ་ནམ་མཁའ་[C:345]ལྷུན་གྲུབ་པ་བཏང་བྱུང་དུས་བཀའ་