[A:༤༥བ]ཨེ་ཡོད་མི་ཤེས་ཀྱང༌། འཆི་བ་ལ་འཚེར་དགོས་པ་རང་ཀྱངཡང་མེད། ཟས་མ་ཟོས་ནས་ཀྱང་ཡུན་རིང་བས་ད་ནི་མྱུར་དུ་འགྲོ་བ་ཡིན་ཁྱེད་རང་རྣམས་ཀྱང་ཐོས་བསམ་བསྒོམ་གསུམ་ལ་སོགས་པའི་སྒོ་ནས་ཚེ་འདི་ལ་ཆགས་མི་དགོས་པ་རེ་གྱིས་གསུང་བ་ལ། ཐམས་ཅད་མྱ་ངན་གྱི་ཁང་བུར་ཆུད་དེ། གདོང་འཆི་མས་སྦགས་ཤིང་སྨྲ་བ་ལྡབ་ལྡིབ་པོས་ཞབས་རྟེན་པར་བཞུགས་སུ་གསོལ་ཞེས་པ་ཙམ་ལས་ཅི་བྱའི་གཏོལ་དང་བྲལ་བར་བྱས་པ་ན། དྲུང་ཆེན་པོ་བས་སྤྱན་ཆབ་ཕྱིས་ནས་གསོལ་བ། སྐུ་ཚེ་འདིའི༌[B:༨༦] རྣམ་དཀར་གྱི་མཛད་པ་མཐའ་དག་གྲུབ་གསུང་རུང་མ་གྲུབ་པ་མང་ཞིག་མཆིས། གཙོ་བོར་གདན་སའི་བཀོད་[C:351]ལུགས་དགེར་དུ་གྲྭ་ཚང་གི་འཛིན་འབྲས། གཟིམས་ཁང་འོག་མ་མཆོད་གཞིས་དང་བཅས་པའི་བཀོད་པ་སོགས་བཀའ་ཆེམས་ཞིབ་པ་ཅིགཞིག་གནང་དགོས་ཞུས་དུས། ན་ནིང་ཕར་ལྷ་ཆེན་གྲུབ་འཕྲལ་ནས་སློབ་དཔོན་རྣམས་ཀྱིས་ཐོག་དྲངས། མི་སྣ་ཆོས་ཁྲིམས་རྣམས་དང༌། སྦྱིན་བདག་རྣམས་བསགས་ནས་ངེད་ཀྱིས་བྱེད་པར་འོས་པའི་ཁུར་ཆེ་བ་རྣམས་གྲུབ་པས། ད་ནི་འགོལ་སིམ་པ་ཅིགཞིག་ལ་འདོད་དུངས་པར་ཡོད། གདན་ས་འདི་གལ་ཆེ་བར་འདུག་པས། ཆོས་རྗེ་དགེ་རྒྱལ་བ་ལས་འོས་པ་མེད། ཁོང་བསྐོ་བ་ཡིན་ཟེར་བ་བྱས་ཀྱང༌། བཞུགས་ཁྲིའི་ཐོག་ཏུ་སྐུ་ཚེ་བསྒྲིལ་དགོས་ཟེར་བའི་ཨ་ན་ཚུགས་ནན་ཆེས་པས་བསྐོ་མ་ཐུབ་པ་ཡིན། ཁོང་སྐུ་ཁམས་བཟང་རུང་ཡོང་ཙ་ན་སྤྱི་པས་བསྐོ་ཡོང༌། ཁྱེད་རང་རྣམས་རྩིས་སྤྲོད་སྔར་བཀོད་པ་གང་བྱས་དེ་ཟོལ་མེད་པར་སྤྲོད། ངེད་ཚེ་འདིའི་སྣང་བ་ནུབ་ནས་ཡུན་རིང་པོ་སོང༌། འཇིག་རྟེན་པའི་ཕ་རྒན་འཆི་ཁའི་ཁ་ཐེམསཆེམས་འདྲ་བའི་རེ་བ་མ་བྱེད། ལམ་འབྲས་ཀྱི་བླ་མའི་སྐུ་འདི་རྣམས་འཕྲོ་ལ་མ་ལུས་པ་གྱིས། འདི་རྣམས་མ་གྲུབ་ན་ཤུལ་ན་མི་མ་བྱུང་བ་ཡིན་གསུང་བ་ལ། སྔར་གྱི་འགྲོ་ཚོད་ལ་དཔགས་ན་