R137: ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གྱི་རྣམ་པར་མཐར་པ་ངོ་མཚར་གྱི་རྒྱ་མཚོ།

  • Pagination (Witness A): ༤༨ན
[A:༤༨ན]ཀྱི་རྒོངསདགོང་ཇ་ཅུང་ཟད་ཕྱི་བར་བྱས་ཏེ། ཚོགས་མ་གྲོལ་བའི་གསེང་ལ་གདུང་ཁང་ཞལ་ཕྱེ་དུས་དབུ་ཐོད་སོགས་རྟེན་འགའ་ཞིག་སྤྱན་དྲངས་ཚར་ཙམ་གྱི་སྐབས་སུ་དགེ་འདུན་རྣམས་ཀྱིས་རིག །ཚོགས་པ་གདུང་ཁང་ཞལ་འབྱེད་སར་ཕེབས་ནས་གདུང་རུས་སོགས་ཧབ་ཐོབ་དུཏུ་ཁྱེར་བས་རྟེན་རིང་སྲེལ་ཆེ་བ་གྲྭ་པ་སོ་སོའི་ལག་ཏུ་བབས་ཏེ། དཔེར་ན། ཆོས་རྗེ་བློ་གྲོས་པའི་ཕྱག་ཏུ་གདུང་རུས་ལ་གུར་མགོན་གྱི་སྐུ་བྲིས་པ་ལྟ་བུ་བྱོན་པ་དང༌། ཚུལ་ཁང་པ་བཟོད་པའི་ལག་ཏུ་གདུང་རུས་ལ་སྨན་རྒྱལ་གྱི་སྐུ་བྱོན་པ་དང༌། བཀའ་བཅུ་པ་སངས་རྒྱས་དཔལ་གྱི་ལག་ཏུ་ཀྱེ་རྡོ་རྗེའི་སྐུ་དང༌། དྭགས་པོ་དཔལ་ལྡན་རྒྱལ་མཚན་གྱི་ལག་ཏུ་ཞུན་ཐིགས་ལས་གྲུབ་པའི་རྣལ་འབྱོར་དབང་ཕྱུག་གི་སྐུ་བྱོན་པ་དང༌། བོན་པོ་ཁྲོ་ཚང་གི་ལག་ཏུ་གདུང་རུས་ཀྱི་དུམ་བུ་རིང་སྲེལ་སུམ་བཅུ་ཙམ་ཕུང་པོར་དཔུངས་པ་ཞིག་བྱུང་བ། དུས་ཕྱིས་རིང་སྲེལ་སྟོང་ལྷག་ཙམ་དཔུངས་པ་མཆོད་རྟེན་གྱི་དབྱིབས་ཅན་ལ་རིང་སྲེལ་རྒྱུན་མི་འཆད་འཇོག་པར་གྱུར་པ་བབས་པ་ལྟ་བུའོ། །ཚོགས་པ་རྣམས་ཁོ་ཐག་ཆོད་རྗེས་ཞབས་འབྲིང་བ་རྣམས་ཀྱིས་ལྷག་གང་ལུས་ཉེར་ཅག་བྱས་ཏེ། གདུང་ཚ་བཏབ་ཅིང་རྟེན་ངོ་མཚར་ཆེ་བ་རྣམས་བསྔོས་བགྲང་བྱས་པ་ན། དབུ་ཐོད་རིལ་པོར་བྱོན་པའི་ཕྱི་ལ་ཨཥྚའི་ཡི་གེ་འབུར་དུ་དོད་པའི་བར་རྣམས་སུ་རིང་བསྲེལ་ཁ་དོག་སྣ་ཚོགས་པས་ཕྲ་བཏབ་པ་ལྟར་གང་[C:357]ཞིང༌། ནང་ན་དབུ་ཀླད་རིང་སྲེལ་གྱི་གོང་བུར་གྱུར་ནས་བཞུགས་པ། སྤྱན་གཡས་པའི་ཕུགས་ན་རིང་སྲེལ་སྲན་མ༌[B:༩༡] འཕོས་པ་ཙམ་འོད་ཟེར་ཁ་དོག་ལྔ་འཕྲོ་བས་ཡིད་འཕྲོག་པར་བྱས་པ་དང༌། ཐུགས་ཀྱི་རྩེ་མོ་ལ་རིང་སྲེལ་སྲན་མ་ཙམ་གྱིས་བརྒྱན་ཞིང་དཀར་ནག་གི་མཚམས་སུ་རིང་སྲེལ་གྱི་དྲ་བས་སྤྲས་པ། མེའི་གནོད་པས་ཅུང་ཟད་ཀྱང་མ་ཉམས་པ་དང༌། སྲིན་འཛུབ་ཡ་ཅིགགཅིག་གི་ཚིག་