[A:༤༨བ]པ་མེས་མ་ཚིག་པ་ཁམ་སང་དེ་བ་ལ་སྤྱན་རས་གཟིགས་ཕྱག་བཞི་པ་དུང་ལྟར་དཀར་བ་འབུར་དུ་དོད་པ་དང༌། དབྱིའི་རུས་འདོག་ཅིག་གི་རྩེ་མོར་རིང་སྲེལ་བརྒྱ་ཕྲག་མང་པོ་ཕུང་པོར་དཔུངས་པ་མཆོད་རྟེན་གྱི་དབྱིབས་ཅན་དུ་བྱོན་པ་དང༌། ཚེམས་ཀྱི་རྐང་ཅིགགཅིག་ཆག་པའི་ནང་དུ་རིང་སྲེལ། གསུམ་འཛོམས་མཐའི་མེ་རིས་བསྐོར་བའི་དབྱིབས་ཅན་ནོར་བུ་འབར་བ་ལྟ་བུར་བྱོན་པ་དང༌། གོང་དུ་སྨོས་པའི་སྨན་རྒྱལ། དགྱེས་རྡོར། རྣལ་འབྱོར་དབང་ཕྱུག་སོགས་དང༌། རིང་སྲེལ་སིལ་མའང་གཏོར་ཐེབ་གང་ཙམ་བྱོན། གཞན་གྲྭ་པའི་ལག་ཏུ་བབས་པའི་རིང་སྲེལ་གྱི་ཚོགས་ནི་བགྲང་བར་མི་ནུས་སོ། །དུས་ཕྱིས་དབུ་ཐོད་གསེར་གདུང་དུ་བཞུགས་དུས་དབུ་ཀླད་ཀྱི་ནང་ནས། རྒྱུ་རིང་སྲེལ་ལས་གྲུབ་ཅིང༌། ཁ་དོག་ཉ་ཕྱིས་དང་འདྲ་བ་ལྕགས་སྐུད་རྩམ་ཀྱང་བསྲ་བ་སོག་ཚིགས་ཀྱི་དབྱིབས་ཅན་སོར་བཞི་ཙམ་ཞིག །མཁྱེན་རབ་ཆོས་རྗེའི་ཕྱག་ཏུ་བྱོན་པས། བཀའ་ལུང་ལ་འདི་ནི་རྩ་དབུ་མའི་ཡར་སྣ་ནས་ཐོབ་པ་མ་གཏོགས་གཞན་ལ་འདིའདྲ་མི་འབྱོན། ང་རང་ལ་ཐུགས་རྗེས་བཟུང་བ་ཡིན་གསུང་ནས་ཕྱག་ཏུ་བསྣམས་པ་ལ་སོགས་པ། མདོར་ན་ངོ་མཚར་བའི་རྟེན་གསུམ་བསམ་པའི་ར་བ་ལས་འདས་[C:358]པ་བྱོན་ཏེ། ས་སྐྱ་པཎྜི་ཏ་མ་གཏོགས་བདག་ཉིད་ཆེན་པོ་འདི་བས་གྲོངས་རྟགས་ཡ་མཚན་ཆེ་བ་བོད་དུ་མ་བྱོན་པར་གྲགས་པའང་ཡིན་ནོ། །ཚེས་བཅུ་གསུམ་ལ་སྐུ་ཚིགས་ཀྱི་མང་ཇའི་ཚོགས་སུ་གདུང་རུས་དང་གདུང་ཚ་འགྱེད་པས་གདུང་ཚ་ལ་རིང་སྲེལ་བྱོན་པའང་མང་དུ་བྱུང་ཞིང༌། གླིང་ནམ་མཁའ་རིན་ཆེན་གྱི་ལག་ཏུ་གདུང་ཚའི་རྩེ་མོར་རིང་སྲེལ་ཡུངས་ཀར་ཙམ་པ་ཁ་དོག་མི་ཅིགགཅིག་པ་ལྔ་བརྩེགས་པ་ཞིག་བྱུང་བ། གླིང་བླ་མ་དྲུང་པའི་ཕྱག་དུ་ཕུལ་བས་རིང༌[B:༩༢] སྲེལ་མང་དུ་འཛགས་པའི་ཐུམ་པོ་ནས་ཇི་ཙམ་བྱོན་ཡང་ཟད་མི་ཤེས་པར་གྱུར་པ་བྱུང༌། ཚོགས་གྲོལ་རྗེས་དགེ་