R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༤༡
[A:༢༤༡]དང༌། བསྟོད་པ་རྣམས་དང༌། རྟོགས་བརྗོད་རྣམས་དགྲ་བཅོམ་པ་ཆོས་སྐྱབས་ལ། དགྲ་བཅོམ་པ་ཀྲྀཥྞའི་གོས་ཅན། དགྲ་བཅོམ་པ་ཤ་ནའི་གོས་ཅན། དགྲ་བཅོམ་པ་ཉི་མའི་གུང་པ། རྒྱལ་རིགས་ཐམས་ཅད་མཁྱེན་པའི་བཤེས་གཉེན། ཀླུ་སྒྲུབ། ཨཱརྻ་དེ་བ། འཇམ་དཔལ་གྲགས་པ། རཏྣ་ཨ་ཀཱ་ར་ཤནྟི། རྡོ་རྗེ་གདན་པ་ཆེ་བ་བར་པ། ཆུང་བ། པཎ་ཆེན་ཤཱཀྱ་ཤྲཱི། དཔྱལ་ཆོས་ཀྱི་བཟང་པོ། དཔྱལ་པད་མ་ཅན། མཁན་པོ་གཞོན་ནུ་ཡེ་ཤེས། རོང་པ་ཤེར་སེང༌། ཤབ་པ་བག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་མགོན་པོ་འབུམ། སྤྲུ་སྟོན་བསོད་རྒྱལ། མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་ཆོས་དཔལ་ཤེས་རབ། སློབ་དཔོན་བསོད་ནམས་སེང་གེ རིན་པོ་ཆེ་གྲགས་དོན་པབླ་མ་རིན་ཆེན་གྲགས་པཆོས་ཀྱི་རྗེ་ཤཱཀྱ་རྒྱལ་མཚན། དེས་བདག་ལའོ།། ༈ །།ཡང་བག་སྟོན་གཞོན་ཚུལ་གྱི། ཤབ་སྟོད་ཀྱི་གཡུ་དགའ་ལྡན་དུ་རོང་པ་ཤེས་རབ་སེང་གེ་ལ་མདོ་མངས་ཀྱི་ལུང་གསན་རྗེས་སུ། མཁན་པོ་གཞོན་ནུ་ཡེ་ཤེས་དང༌། བླ་མ་རོང་པ་ཤེར་སེང་གི་བར་དུ་ཧོར་ཁུང་ཡོད་ཟེར་བ་དང༌། པད་མོ་ཅན་པ་དང༌། གཞོན་ཡེའི་བར་ནའང་ཧོར་ཁུང་ཡོད་དམ་ཟེར་བ་ལ་བརྟེན་ནས། ལུང་དག་པར་བྱ་བའི་ཕྱིར། ས་སྐྱ་པས་དགོན་པ་བླ་མ་ཞང་ཀུན་དགའ་འོད་ཟེར་ལ། པཎ་ཆེན་ནས་བརྒྱུད་པའི་ལུང་དག་པོ་ཡོད་ཟེར་ནས་གསན་པའི་བརྒྱུད་པ་ནི། པཎ་ཆེན་ཡན་སྔར་དང་འདྲ་ལ། པཎ་ཆེན་ཤཱཀྱ་ཤྲཱི་ནས། ལྷོ་པ་ཐམས་ཅད་མཁྱེན་པ། རྐོང་ནག་རལ་གྲི། ཇོ་གདན་ཟས་གཙང༌། ཤངས་པ་གྲགས་སེང༌། ཞལ་སྔ་བ་བསོད་རིན། མཁན་པོ་གཞོན་ནུ་ཡེ་ཤེས། སེ་སྟོན་འབྱུང་ལྡན་འོད། མང་མཁར་བ་བྱང་ཆུབ་སེང་གེ ཞང་ཀུན་དགའ་འོད་ཟེར། བག་སྟོན་གཞོན་ནུ་ཚུལ་ཁྲིམས། སློབ་དཔོན་མགོན་པོ་འབུམ། སྤྲུ་སྟོན་བསོད་རྒྱལ། མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་ཆོས་དཔལ་