R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༦༨
[A:༢༦༨]གཉེན
། དེ་རྣམས་ཡུ་གུར་གྱི་སློབ་དཔོན་གྱི་མིང་ངོ༌། །དེ་ནས་ཀ་ཡོལ་གྱི་སློབ་དཔོན་ཤཱི་ལ་མི་ཏྲ། དེ་ལ་བོད་ཀྱི་དགེ་བའི་བཤེས་གཉེན་སངས་རྒྱས་འབུམ་གྱི་གསན། དེ་ལ་བླ་མ་ཆོས་རྒྱལ་པོ་རིན་པོ་ཆེ་དང༌། སློབ་དཔོན་སྟོན་པ་བཀྲ་ཤིས་དཔལ་གཉིས་ཀྱི་གསན། སློབ་དཔོན་བཀྲ་ཤིས་དཔལ་ལ། དཔལ་ལྡན་ས་སྐྱར་སྐྱོར་མོ་ལུང་གི་སློབ་དཔོན་མངོན་པ་བས་གསན།
ཚུལ་ཁྲིམས་བཤེས་གཉེན
། དེ་ལ་སྐྱོར་མོ་ལུང་གི་སློབ་དཔོན་མཁན་པོ་ཐམས་ཅད་མཁྱེན་པས་གསན། དེ་གཉིས་ཀ་ལ་ཡང་དབྱེན་གྱི་མཁན་པོ་ཐམས་ཅད་མཁྱེན་པས་གསན། དེ་ལ་ཐང་པོ་ཆེའི་འདུལ་བ་འཛིན་པ་དཔལ་གྱིས་གསན། དེ་ལ་མཁན་པོ་རིན་ཆེན་བཟང་པོས་གསན། དེ་ལ་ཁུ་སྟོན་བཀྲ་ཤིས་བཟང་པོས་གསན། དེ་ལ་ཆོས་སྒོ་བ་ཤཱི་ལ་བྷ་དྲས་གསན། དེ་ལ་གུ་རུ་སིང་ཧའི་མཚན་གྱིས་གསན། དེ་ལ་སྤྱན་སྔ་བ་གྲགས་པ་དོན་གྲུབ་ཀྱིས་གསན། དེ་ལ་ཆོས་ཀྱི་རྗེ་ཤཱཀྱ་རྒྱལ་མཚན་གྱིས་གསན། དེས་བདག་ལའོ། །ཤུ་བྷཾ།། །།
༄། །ཆོས་རྗེ་ཤཱཀྱ་རྒྱལ་མཚན་པ་ལས་བསྟན་འགྱུར་ནས་ཐོབ་ཡིག ན་མོ་མཉྫུ་ནཱ་ཐ་ཡ། བྱམས་བརྩེར་ལྡན་པའི་ཤེས་རབ་མཆོག་མངའ་འཇིག་རྟེན་གཉེན་གཅིག་གཤིན་རྗེའི་དགྲ། །ཞི་ལ་རབ་གཞོལ་འཆི་བའི་འཇིག་འཇམས་རྟག་ཏུ་བདུད་ཀྱི་ཚོགས་ཀྱི་བདུད། །གདོད་ནས་གྲོལ་ཡང་འགྲོ་བ་རྣམས་ཀྱི་ཐར་པའི་སླད་དུ་གཞོན་ནུའི་སྐུ། །རྒྱལ་སྲས་མཐུ་བོ་མཐའ་དག་རྒྱལ་བའི་ཡབ་གཅིག་འཇམ་དཔལ་དབྱངས་ལ་འདུད། །རྒྱལ་བའི་བཀའ་ཡི་ཚོགས་པ་དགོངས་འགྲེལ་བཅས། །གངས་ཅན་འདི་ན་ཇི་སྙེད་འགྱུར་མང་གི །དེ་