R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): i-2
[A:i-2]རྒྱལ་མཚན་(1424-98) བར་བརྒྱུད་ནས་མུས་སྲད་པས་རྫོང་ལུགས་སྔ་རབས་ཀྱི་སྐོར་གཙང་ཕྱོགས་ལ་ཁྱབ་སྤེལ་གནང༌། ཕྱི་རབས་ནི། བླ་མ་དམ་པ་སྐུ་ཚེ་སྨད་སྐབས་ཀྱི་སློབ་མ་ཐེག་ཆེན་ཆོས་རྒྱལ་ཀུན་དགའ་བཀྲ་ཤིས་(1349-1425) ནས་བརྒྱུད་པ་ཡིན་ལ་ཐེག་ཆེན་ལུགས་ཡང་ཟེར། ཁོང་གི་སློབ་མ་གཙོ་བོ་རྫོང་པ་ཀུན་དགའ་རྒྱལ་མཚན་(1382-1436) དང་བྲག་ཐོག་པ་བསོད་ནམས་བཟང་པོ་གཉིས་ཡིན། རྫོང་པས་བསྟན་པ་ལ་སྟོད་བྱང་དུ་ཁྱབ་སྤེལ་གནང༌། བྲག་ཐོག་པས་དབུས་ཀྱི་གོང་དཀར་རྫོང་དང་ཉེ་བར་གནས་ཆུ་བོ་རི་ལ་གདན་ས་ཆགས་བཏབ། སྐབས་དེ་དུས་གོང་དཀར་གྱི་རྫོང་དཔོན་མཚན་རྒྱལ་བ་ཤེས་རབ་ནི་ཐོན་གྱི་མི་རབས་ནས་བརྒྱུད་པ་རེད། རྫོང་དཔོན་རྒྱལ་བ་ཤེས་རབ་ཀྱི་སྲས་རྡོ་རྗེ་གདན་པ་ཡིན་ལ། རྡོ་རྗེ་གདན་པ་ཁོང་ནི་དགུང་ལོ་བཅོ་ལྔ་ལོན་རྗེས་ཡབ་ཀྱི་སྐུ་ཚབ་ཏུ་རྫོང་དཔོན་གནང་རུང༌། སྲིད་ལས་ཆོས་ལ་འདུན་པ་ཆེ་བར་ཡོད་སྟབས་དགུང་ལོ་ཉེར་བདུན་ལ་བསྙེན་པར་རྫོགས་ཏེ་མཚན་ཀུན་དགའ་རྣམ་རྒྱལ་ཞེས་གསོལ། རིགས་བརྒྱུད་ཐོན་ཡིན་སྟབས་ཐོན་བཙུན་དུ་ཡང་གསོལ། ལོ་དྲུག་གི་རྗེས་ལ་གོང་དཀར་ཆོས་སྡེ་ཆགས་བཏབ། བྲག་ཐོག་པ་ནི་ཁོང་གི་རྩ་བླ་ཡིན་པར་ཐེག་ཆེན་ཆོས་རྒྱལ་ནས་བརྒྱུད་པའི་རྫོང་ལུགས་ཕྱི་རབས་པའི་ཆོས་རྣམས་གསན། གཞན་ཡང་བུ་སྟོན་རིན་པོ་ཆེའི་རྒྱུད་ཀྱི་མན་ངག་བརྒྱུད་པ་ཤར་པ་ཡེ་ཤེས་རྒྱ་མཚོ་(1404-73) དང༌། ཁོང་རང་དང་རུས་བརྒྱུད་གཅིག་པ་པཎ་ཆེན་བྱམས་པ་གླིང་པ་བསོད་ནམས་རྣམ་རྒྱལ་(1401-75) ལས་དུས་འཁོར་སོགས་གསན་པས་དེ་གཉིས་ཁྱད་པར་གྱི་བླ་མར་གྱུར། ཁོང་གི་སྐུ་ཚེའི་ནང་སྤྱིར་ས་སྐྱ་དང་ཡང་དགོས་རིས་མེད་ཀྱི་རྡོ་རྗེ་ཐེག་པར་མཁས་པས་ཕུལ་དུ་གྱུར།། ད་ལམ་གསན་ཡིག་འདིར་གཞིག་ན་ཁོང་ནི་ཐོས་རྒྱ་ཆེན་པོ་ཞིག་ཡིན་པར་མངོན་ཐུབ་ལ། ད་