R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༤༤
[A:༣༤༤]༄། །བླ་མ་དམ་པ་ཤཱཀྱ་རྒྱལ་མཚན་ཞབས་ལས། མི་ཏྲ་བརྒྱ་རྩ་ལ་སོགས་པའི་ཐོབ་ཡིག ཆོས་ཀྱི་རྗེ་སེམས་དཔའ་ཆེན་པོ་ཤཱཀྱ་རྒྱལ་མཚན་པ་ལས། གྲུབ་པའི་དབང་ཕྱུག་ཤྲཱི་མི་ཏྲ་ཛོ་ཀིའི་ལུགས་ཀྱི་དབང་བརྒྱ་རྩ་ཐོབ་པའི་རིམ་བརྒྱུད་ནི། ཕྱག་ན་རྡོ་རྗེ་འགྲོ་བཟངས་མ། ཕྱག་རྡོར་མདོ་ལུགས། ཕྱག་རྡོར་ལྕགས་སྦུབས་མ། རྟ་མགྲིན། ཐུགས་རྗེ་ཆེན་པོ་ཕྱག་བཞི་པ། ཨ་ར་པ་ཙ་ན། མི་གཡོ་བ། སེང་གེ་སྒྲ། དོན་ཞགས་ཏེ་དགུ་ལ་ནུབ་གཅིག ཡུམ་ཆེན་མོ། དབྱངས་ཅན་མ། འོད་ཟེར་ཅན། གཟུངས་གྲྭ་ལྔ། གཙོ་མོ་ཆེན་མོ། རྣམ་རྒྱལ། རྣམ་འཇོམས། གདུགས་དཀར། རི་ཁྲོད་ལོ་མ་ཅན་ཏེ་དགུ་ལ་ནུབ་གཅིག ཀུན་རིག་རྩ་བའི་དཀྱིལ་འཁོར། ཤཱཀྱ་ཐུབ་པ་སྐུ། ཚེ་དཔག་མེད་གསུང༌། གསང་བདག་ཐུགས། འཁོར་ལོ་སྒྱུར་བ་ཡོན་ཏན། མེ་ལྟར་འབར་བ་འཕྲིན་ལས་ཏེ་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་དྲུག དྲང་སྲོང་རྒྱུད་དཀར། རྒྱལ་ཆེན་ཕྱོགས་སྐྱོང༌། ཀླུ་ཆེན་བརྒྱད་དང་གསུམ་ནི་འཇིག་རྟེན་པའི་དཀྱིལ་འཁོར་ཏེ་སྦྱོང་རྒྱུད་དགུ་ལ་ནུབ་གཅིག རྡོ་རྗེ་དབྱིངས། ཁམས་གསུམ་རྣམ་རྒྱལ། འགྲོ་བ་འདུལ་བ། དོན་ཐམས་ཅད་གྲུབ་པ་སྟེ་དེ་ཉིད་བསྡུས་པའི་དཀྱིལ་འཁོར་བཞི་དང༌། དཔལ་མཆོག ཆོས་དབྱིངས་གསུང་དབང༌། འཇམ་དཔལ་གསང་ལྡན། ཙནྡྲ་གོ་མིའི་ལུགས་ཀྱི་འཇམ་དཔལ། མི་འཁྲུག་པ་སྟེ་དགུ་ལ་ཞག་གཅིག གསང་འདུས་འཕགས་ལུགས། གསང་འདུས་འཇམ་རྡོར། ཧཱུྃ་མཛད། དགྲ་ནག གདོང་དྲུག གཤེད་དམར། འཇིགས་བྱེད། ལྷ་མོ་བརྒྱད་བསྐོར། བཻ་རོ་ཙཱ་ན་རཀྵི་ཏའི་ལུགས་ཀྱི་འཇིགས་བྱེད། འཇིགས་བྱེད་ཕྱག་གཉིས་པ་སྟེ་དགུ་ལ་ནུབ་གཅིག བརྟག་