R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): i-3
[A:i-3]དུང་ཁོང་རང་གི་རྣམ་ཐར་དང་གཞིག་ན་གསན་ཡིག་འདི་ཆ་ལག་ཚང་བ་མ་ཡིན་པ་མངོན་གསལ་རེད། གང་ལགས་ཞུ་ན་རྣམ་ཐར་ནང་དུ་ཁོང་རང་ནས་བརྩམ་པའི་གསན་ཡིག་ནང་བླ་མ་རེར་མཆོད་བརྗོད་སྙན་དངགས་ཚིག་བཅད་རེ་བཀོད་ཡོད་ཚུལ་གསལ་ཀྱང་གསན་ཡིག་འདིར་དེ་རྣམས་མི་གསལ། ཡང་དགོས་པཎ་ཆེན་ནགས་ཀྱི་རིན་ཆེན།(1384-1468) ཀུན་མཁྱེན་སངས་རྒྱས་འཕེལ་(1411-85) དང༌། ཤར་པ་ཡེ་ཤེས་རྒྱ་མཚོའི་རྩ་བླ་ཡིན་ཟེར་བའི་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གསུམ་ལས་གསན་པ་མངོན་རུང་གསན་ཡིག་འདིར་མ་ཚང་ངོ༌།། གསན་ཡིག་དེ་དང་ལྷན་དུ་བཀོད་རྒྱུར། ས་སྐྱ་གོང་མ་ལ་ཕུལ་བའི་འཕྲིན་ཡིག་རྩོད་བཟློག་དང༌། ལམ་འབྲས་ལག་ལེན་མཁོ་བའི་དྲི་ལན་གཉིས། ཞལ་གདམས་ཁག་གཉིས་བཅས་བཀོད་ཡོད། སྤྱིར་བཏང་དེབ་འདིར་མ་ཡིག་གཞིར་གཞག་ལས་བཟོ་བཅོས་བྱས་མེད་ལ་སྐབས་རེ་ཡིག་ནོར་ཕྲན་བུ་འདུག་པ་དེ་རྣམས་བཟོ་བཅོས་བྱས་ཡོད་པས་དེར་རྟགས་རྒྱབ་ཡོད། གཞན་ཡང་རྣམ་ཐར་རྩོམ་པ་པོ་རྒྱ་སྟོན་བྱང་ཆུབ་དབང་རྒྱལ་གྱིས་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ལ་ལམ་འབྲས་ཀྱི་སྐོར་རྩོད་ལན་གཅིག་ཁ་སྐོང་གི་ཚུལ་དུ་བཀོད་ཡོད། འདི་ནི་བླ་མ་རྡོ་རྗེ་གདན་པ་སྐུ་གཤེགས་ནས་ལོ་བཞི་བཅུ་ཞེ་གསུམ་སོང་རྗེས་བརྩམས་པའོ། །དོན་གཉེར་པ་རྣམས་ལ་ཕན་རེར་དམིགས་ནས་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད་ནང་འཁོད་པའི་གསུང་རྩོམ་ཐོ་ཡིག་ཡང་བཀོད་ཡོད། །རྒྱལ་ཡོངས་ས་ཆེན་ཞེས་པ་ལས་སྤྱི་ལོ་༢༠༠༥ ཟླ་བ་༧ ཚེས་༢༡ མཆོད་རྟེན་རིན་པོ་ཆེ་གཙོས་ཐུགས་རྟེན་མང་དག་མཁའ་དབྱིངས་སུ་དད་ལྡན་ཚོགས་ལ་ཞལ་མཇལ་སྟོན་པའི་དུས་ཁྱད་ཉིན་དད་འདུན་རྩེ་གཅིག་གིས་པར་རྩ་ཞུས་པའི་དགེ་བས་འབྲེལ་ཚད་རྟེན་བཟང་ཐོབ་པའི་རྒྱུ་རུ་བསྔོའོ།། །།