R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༤༡༦
[A:༤༡༦]ཆོས་ཀྱི་འོད་ཟེར་གྱིས་བྱས་པའི་ཟིན་བྲིས་ནག་པོ་འགྲོ་ཤེས་སུ་གྲགས་པའི་སྟེང་ནས་ཐུགས་བཤད་ཚང་བར་ཐོབ་ཅིང༌། ཞེ་སྡང་རྡོ་རྗེས་མཛད་པའི་ཊཱི་ཀ་ས་བཅད་ཀྱང་སྔར་ལྟར་ཐོབ་པར་བཞེད་པའི་བརྒྱུད་པ་ནི། ཀྱེ་རྡོར་ཡབ་ཡུམ་གྱི་དབང་བརྒྱུད་ཇི་ལྟ་བ་བཞིན་ནོ།། ༈ །།ཡང༌། བརྒྱུད་ལུགས་གཅིག་ལ། བརྟག་གཉིས་དང་གུར་གྱི་བཤད་རྒྱུད་ནི། རྡོ་རྗེ་འཆང༌། བདག་མེད་མ། བི་རཱུ་པ། ཌོམྦྷི་པ། ཨ་ལ་ལ་བཛྲ། ནགས་ཁྲོད་པ། གནྡྷ་རི་པ། བསོད་སྙོམས་པ་རྒྱལ་བ་དཔལ་ཡེ་ཤེས། མི་ཐུབ་ཟླ་བ། དགེ་སློང་དཔའ་བོ་རྡོ་རྗེ། འབྲོག་མི་ཤཱཀྱ་ཡེ་ཤེས། འཁོན་དཀོན་མཆོག་རྒྱལ་པོ། ས་ཆེན་ཀུན་སྙིང༌། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་པཎ། བླ་ཆེན་འཕགས་པ། ཞང་མདོ་སྡེ་དཔལ། བླ་མ་འཇམ་སྐྱ། བླ་མ་དཔལ་ལྡན་སེང་གེ ཆོས་རྗེ་བསོད་ནམས་རྒྱལ་མཚན། མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་ཆོས་དཔལ་ཤེས་རབ། མཁན་ཆེན་གྲགས་པ་རྡོ་རྗེ། ཆོས་རྗེ་གྲགས་དོན་པ། རིན་པོ་ཆེ་བྱང་ཆུབ་དཔལརྔོག་སྟོན་བསོད་ནམས་དོན་གྲུབ། དེས་བདག་ལའོ།། ༈ །།སྒྲུབ་ཐབས་སྡེ་ལྔར་གྲགས་པ་ལ། ཀྱེ་རྡོར། བདག་མེད་མ། གུར་རིགས་བསྡུས་གསུམ་གྱི་སྒྲུབ་ཐབས་མི་ཐུབ་ཟླ་བས་མཛད་པ། བདག་མེད་མའི་སྒྲུབ་ཐབས་ཌོམྦྷི་བས་མཛད་པའི་བདུད་རྩི་འོད། ཀྱེ་རྡོར་གྱི་སྒྲུབ་ཐབས་མཚོ་སྐྱེས་ཀྱིས་མཛད་པ་རྣམས་ལས། གཞན་རྣམས་སྔར་ནས་གཞན་དུ་ཐོབ་པས། འདིར་གུར་གྱིས་སྒྲུབ་ཐབས་ཀྱི་བརྒྱུད་པ་ནི། མི་ཐུབ་པ་ནས། མར་པའི་བར་དུ་བརྒྱུད་དེ། མར་པ་ནས། ཆོས་རྗེ་བྱང་ཆུབ་དཔལ་གྱི་བར་ཀྱེ་རྡོར་ཡབ་ཡུམ་གྱི་དབང་བརྒྱུད་དང་འདྲ་ལ། དེ་ནས་བླ་མ་བསོད་ནམས་དོན་གྲུབ། དེས་བདག་ལའོ།། ༈ །།ཡང༌། གདན་བཞིའི་རྩ་རྒྱུད་དང༌། མནྟྲ་ཨཾ་པ། བཤད་རྒྱུད་ཆེ་མོ་རྣམས་གཞན་དུ་ཐོབ་ཅིང༌། དཀྱིལ་འཁོར་ཆོ་