R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༤༡༧
[A:༤༡༧]ག་ཨཱརྻ་དེ་བས་མཛད་པའང་ཐོབ་མོད། རྔོག་པ་རྣམས་བཤད་རྒྱུད་དུ་འདོད་ཅིང༌། མཛད་བྱང་མེད་པར་ཐོབ་པའི་བརྒྱུད་པ་ནི། བྱང་ཆུབ་དཔལ་བའི་བར་དབང་བརྒྱུད་བཞིན་ལས། དེ་ནས། བླ་མ་བསོད་ནམས་དོན་གྲུབ། དེས་བདག་ལའོ། །ཡང༌། དེའི་བརྒྱུད་པ་ལུགས་གཅིག་ནི། རྡོ་རྗེ་འཆང༌། ཏཻ་ལོ་པ། ནཱ་རོ་པ། མར་པ། ཆོས་རྡོར། མདོ་སྡེ། རྩེགས་དར་མ་རྒྱལ་པོ། རྒྱ་གསར་བ་རིན་ཆེན་འབུམ། རྒྱ་བསོད་འབུམ། བྱ་རིན་ཆེན་འོད། བློ་ཆེན་སངས་རྒྱས་སྲས། བླ་མ་གར་ཐིག་པ། མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་ཆོས་དཔལ་བ། མཁན་ཆེན་གྲགས་རྡོར་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་བྱང་དཔལ་བཆོས་རྗེ་བསོད་ནམས་དོན་གྲུབ་པ། དེས་བདག་ལའོ།། ༈ །གདན་བཞིའི་འགྲེལ་པ་ཐོབ་མེད་གྲགས་པས་མཛད་པའང་ཐོབ་བོ།། གདན་བཞི་ཡབ་བཀའི་སྒྲུབ་ཐབས་རྣམ་རྒྱལ་དབང་པོས་མཛད་པ་དང༌། ཡེ་ཤེས་དབང་ཕྱུག་མའི་སྒྲུབ་ཐབས་འཕགས་པ་ལྷས་མཛད་པ། ཤིང་གཅིག་དཀའ་འགྲེལ་འཕགས་པ་ལྷས་མཛད་པ་མཆན་ཁུང་སྦྱོར་བ་ཀླུ་སྒྲུབ་ཀྱིས་མཛད་པ། དེ་ཉིད་བཞི་པ་ཛེ་ཏ་རིས་མཛད་པ་རྣམས་གཞན་དུ་ཐོབ་ཟིན་ཅིང༌། ༈ །འཆི་བ་བླུ་བ་ངག་དབང་གྲགས་པས་མཛད་པའི་བརྒྱུད་པ་ནི། ངག་དབང་གྲགས་པ་ནས། མར་པ་ལ་བརྒྱུད་དེ། མར་པ་ནས། ཆོས་རྗེ་བྱང་ཆུབ་དཔལ་གྱི་བར་ཀྱེ་རྡོར་ཡབ་ཡུམ་གྱི་དབང་བརྒྱུད་དང་འདྲ། དེ་ནས་ཆོས་རྗེ་དོན་གྲུབ་པ། ཆོས་རྗེ་བདག་ལའོ།། ༈ །སྒྱུ་མ་ཆེན་མོའི་རྒྱུད་ཀྱི་བཤད་པ་ཨ་སང༌། ཀཱིརྟིས་མཛད་པའི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། དབང་བརྒྱུད་ཇི་ལྟ་བ་བཞིན་ལ། ཆོས་རྒྱལ་བའི་སློབ་མ་སངས་ཡོན་པ་ལའང༌། ཆོས་རྗེ་བྱང་ཆུབ་དཔལ་གྱིས་དབང་དང་རྒྱུད་ཀྱི་བཤད་པ་གཉིས་ཀ་གསན། དེ་ནས་བླ་མ་དོན་གྲུབ་པ། དེས་བདག་ལའོ། །ཡང༌། ལུགས་གཅིག་ལ། རྡོ་རྗེ་