R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༤༡༨
[A:༤༡༨]འཆང༌། རྡོ་རྗེ་སྙིང་པོ། ཡེ་ཤེས་མཁའ་འགྲོ་མ། ཀུ་ཀུ་རི་པ། མཚོ་སྐྱེས་རྡོ་རྗེ། ཌོམྦྷི་བ། ཏཻ་ལོ་པ། ནཱ་རོ་པ། བལ་པོ་ཤཱནྟ་བྷ་དྲ། མར་པ། ཆོས་རྡོར། མདོ་སྡེ། རྔོག་ཚ་བ་ཆོས་སྐུ། རྔོག་ཚ་བ་དཀོན་མཆོག ཀློག་ཀྱ་དབང་ཕྱུག་གྲགས། ལྷོ་པ་ཤེས་རབ་དཔལ། བླ་མ་འཕགས་པ་རིན་པོ་ཆེ། བློ་ཆེན་སངས་རྒྱས་སྲས། བདེ་བ་ཅན་པ་སེང་གེ་རྒྱལ་མཚན། བླ་མ་གར་ཐིག་པ། མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་ཆོས་དཔལ་པ། མཁན་ཆེན་གྲགས་རྡོར་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་བྱང་ཆུབ་དཔལ། བླ་མ་བསོད་ནམས་དོན་གྲུབ། དེས་བདག་ལའོ།། ༈ །ཀུ་ཀུ་རི་པའི་ཆོས་བདུན་དུ་གྲགས་པ། བསྐྱེད་རིམ་རྒྱས་བསྡུས་གསུམ། རྫོགས་རིམ་རྩ་འགྲེལ་གཉིས། དཀྱིལ་ཆོག་རིམ་པ་གསལ་བ་རྣམས་གཞན་དུ་ཐོབ་ནས། འདིར། གཏོར་མའི་ཆོ་ག་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་མཁའ་འགྲོ་མ། ཀུ་ཀུ་རི་པ། བུདྡྷ་བ་ཆོས་ཀྱིས་བཟང་པོ་བ། ཞི་བ་བཟང་པོ། དེ་གསུམ་ལ་མར་པ། དེ་ནས་ཆོས་རྡོར། མདོ་སྡེ། ཀུན་དགའ། གཟི་བརྗིད། རིན་ཆེན་བཟང་པོ། ཆོས་ཀྱི་རྒྱལ་མཚན། དེ་ལ་དོན་གྲུབ་དཔལ་དང༌། སངས་རྒྱས་ཡོན་ཏན་གཉིས་ཀྱིས་ཞུས། དེ་གཉིས་ལ་བྱང་ཆུབ་དཔལ་བ། དེ་ནས་བསོད་ནམས་དོན་གྲུབ། དེས་བདག་ལའོ།། །།འཇམ་དཔལ་མཚན་བརྗོད་ཀྱི་འགྲེལ་པ་ཞེ་སྡང་རྡོ་རྗེས་མཛད་པའི་སྟེང་ནས་ཐོབ་པའི་བཤད་བཀའི་བརྒྱུད་པ་ནི། ཤཱཀྱ་ཐུབ་པ། འཇམ་དཔལ་ཡེ་ཤེས་སེམས་དཔའ། དེའི་སྤྲུལ་པ་འཇམ་དཔལ་བཤེས་གཉེན། སྒེག་པ་རྡོ་རྗེ། སུརྻ་སིངྷ༌། དྷརྨྨ་བཛྲ། མུ་དྲ་སིདྡྷི། དེ་ཝ་ཤྭ་ར། དེས་ཤནྟི་གརྦྷ་དང་སྨྲྀ་ཏི་གརྦྷ་པ་གཉིས་ལ་བཤད། ཤཱནྟི་གརྦྷའི་སློབ་མ་སུརྻ་སིདྡྷི། བྱེ་མ་ལུང་པ་སྐྱི་སྟོན་ཆོས་སིང༌། རྔོག་ཆོས་རྡོར། སྨྲྀ་ཏི། ཚོངས་སྡེ་ངག་གི་དབང་ཕྱུག ཁམས་པ་ཤེས་རབ་རྡོ་རྗེ། དེ་ལ་ཡང་རྔོག་