R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༨
[A:༣༨]མེད། པུ་ཧྲངས་བསོད་ནམས་རིན་ཆེན། སྒོམ་ཆེན་སྨོན་ལམ་འབར། གུང་སྟོན། ཁྱུང་ཤག་དར། སེ་སྟོན་ལེགས་པ། སེ་སྟོན་རྒྱལ་བ། མཁན་ཆེན་སེང་གེ་དཔལ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། པུ་ཧྲངས་པ་ལ་འབར་བ་མགོན། དམར་སྟོན་རིན་རྒྱལ། སློབ་དཔོན་ཞང་སྟོན། བླ་མ་གཡེ་པ། སློབ་དཔོན་འགར། སེ་སྟོན་ལེགས་པ་མན་སྔར་བཞིན་ནོ།།
༈ །།ཡང༌། ཡང་དག་པར་རྫོགས་པའི་སངས་རྒྱས་དགེ་བྱེད་ཀྱི་ལོ། ས་གའི་ཟླ་བ་ཉ་གང་བའི་ཚེ་མངོན་པར་རྫོགས་པའི་བྱང་ཆུབ་བརྙེས་ནས། ཟླ་བ་བཅུ་གཉིས་པ་ལ་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་གྱི་ནང་གི་སྟེང་དུ། དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་སྤྲོས་ཏེ། རྡོ་རྗེ་སེང་གེའི་ཁྲི་ལ་དཔལ་དུས་ཀྱི་འཁོར་ལོའི་ཏིང་ངེ་འཛིན་ལ་བཞུགས་ཤིང༌། འཁོར་མང་པོ་སྨིན་ཅིང་གྲོལ་བར་མཛད་ནས། སྤྲུལ་པའི་རྒྱལ་པོ་ཟླ་བ་བཟང་པོས་བསྡུས་ཏེ་ཤམྦྷ་ལར་ཤཱཀྱའི་རིགས་ཀྱི་རྒྱལ་པོ་རྣམས་དང༌། རིགས་ལྡན་གྱི་རྒྱལ་པོ་བཅུ་བདུན་འདས་ཤིང༌། བཅོ་བརྒྱད་པ་སེང་གེས་ཆོས་བསྟན་ནས་ལོ་སུམ་ཅུ་ཟླ་བ་གཅིག ཞག་དགུ་འདས་པ་ཨངྒི་རའི་ལོ། ཆུའི་ཟླ་བའི་དཀར་ཕྱོགས་རྫོགས་པ་གཉིས་པའི་ཚེས
གཟའ་
ཉི་མ།
སྐར་མ་
ལག
སྦྱོར་བ་
ཚེ་ལྡན།
བྱེད་པ་
ཏི་ཏི་ལམ་རྣམས་འཛོམ་པའི་ཚེ། གོང་དཀར་རྒྱལ་བྱེད་ཚལ་རྡོ་རྗེ་དཀྱིལ་འཁོར་གྱི་གཞལ་མེད་ཁང་ཆེན་པོར། དཔལ་དམ་པ་དང་པོའི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ཏེ། རྡོ་རྗེ་སློབ་དཔོན་ཆོས་ཀྱི་རྗེ་ཉིད་དཀྱིལ་འཁོར་གྱི་གཙོ་བོ་དང་ཐ་མི་དད་པས། མདོ་དང་རིག་པ་འཛིན་པའི་བཤེས་གཉེན་མང་པོ་དཀྱིལ་འཁོར་དེར་བཅུག་ནས། བྱིས་པ་འཇུག་པའི་དབང་བདུན། དབང་གོང་མ་བཞི། གོང་མའི་ཡང་གོང་མ་བདག་པོ་ཆེན་པོའི་དབང་དང་བཅས་པ་ཡོངས་སུ་རྫོགས་པར་སྣང་ངོ༌། ། དེའི་རྒྱུད་པའི་རིམ་པ་ལ། རྭ་པའི་ལུགས་