R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༤༢༨
[A:༤༢༨]སྒོམ་པ་མན་འདྲ། ༈ ཡང༌། ཨུ་རྒྱན་པའི་གསུང་སྒྲོས་ཤོང་སྟོན་བསོད་ནམས་རྒྱལ་མཚན་གྱི་ཟིན་བྲིས་སུ་བཏབ་པ་ཆོས་དྲུག་རིན་པོ་ཆེའི་གཏེར་མཛོད་ཅེས་པའམ་ཐབས་ལམ་རིན་པོ་ཆེའི་གཏེར་མཛོད་ཀྱི་བརྒྱུད་པ་ནི། ཨུ་རྒྱན་པ། ཤོང་བསོད་ནམས་རྒྱལ་མཚན། བླ་མ་འབྲི་སྒོམ་པ་མན་འདྲ། ༈ །ཐེག་ཆེན་ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པས་མཛད་པའི། ཟབ་ལམ་རྡོ་རྗེའི་རྣལ་འབྱོར་དང་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱི་ངོ་སྤྲོད་ཀྱི་ལུང་བརྒྱུད་ནི། ཐེག་ཆེན་ཆོས་ཀྱི་རྒྱལ་པོ། ནོར་བུ་མ། ཆོས་རྗེ་པ། དེས་བདག་ལའོ།། ༈ །མཁས་བཙུན་བསོད་ནམས་འོད་ཟེར་གྱིས་མཛད་པའི་བསྙེན་སྒྲུབ་ཀྱི་ཁྲིད་ཡིག་ཆེན་མོ་བསྙེན་སྒྲུབ་གསལ་བར་བྱེད་པའི་སྒྲོན་མའི་ལུང་གི་བརྒྱུད་པ་ནི། ཨུ་རྒྱན་པ། བསོད་ནམས་འོད་ཟེར། འབའ་རྭ་བ་འབྲི་སྒོམ། བསོད་ནམས་བཀྲ་ཤིས། ནོར་བུ་བ། ཆོས་རྗེ་པ། དེས་བདག་ལའོ། །མཁན་བཙུན་བསོད་ནམས་འོད་ཟེར་གྱི་གྲྭ་པ་ནམ་མཁའ་འོད་ཟེར་གྱིས་མཛད་པའི་གེགས་སེལ་དང༌། ནམ་མཁའ་འོད་ཟེར་གྱི་གྲྭ་པ་ཇོ་གདན་བསོད་ནམས་བཟང་པོས་མཛད་པའི་གེགས་སེལ་ལྟག་འཐེན་དང་ལུས་ངག་ལ་སོགས་པའི་ཀུན་འགྲོ་རྣམས་ཀྱི་བརྒྱུད་པ་ནི། ནམ་མཁའ་འོད་ཟེར། ཇོ་གདན་བསོད་ནམས་བཟང་པོ། འབྲི་སྒོམ་པ་མན་འདྲ།། ༈ །།རྡོ་རྗེ་རྣལ་འབྱོར་མས་རྒྱལ་བ་ཨུ་རྒྱན་པ་ལ་གནང་བའི་འཕོ་བ་ཨ་དཀར་དང༌། ཧཱུྃ་དམར་མ་གཉིས་ཀྱི་བརྒྱུད་པ་ནི། ཨུ་རྒྱན་པ། མཁས་བཙུན་བསོད་ནམས་འོད་ཟེར། འབར་རྭ་བ། འབྲི་སྒོམ་པ་མན་འདྲ། ཡང་ན། རྡོ་རྗེ་རྣལ་འབྱོར་མ། ཨུ་རྒྱན་པ། སྦ་རས་པ། སྙེ་མདོ་བ། བྱ་བྲལ་བ། དབུས་པ་པཎ་ཆེན། བཀྲ་ཤིས་དཔལ་ལྡན་མན་འདྲ། ༈ །རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱི་ཁྲིད་ཡིག་ལེགས་པ་དཔལ་བཟང་གིས་མཛད་པ། བསྙེན་སྒྲུབ་རིན་པོ་ཆེའི་གཏེར་གྱི་ལུང་བརྒྱུད་ནི། བྱ་བྲལ་བ་ལེགས་པ་དཔལ་