R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༤༣༥
[A:༤༣༥]ཨུ་རྒྱན་རྒྱལ་པོས་བསྒྱུར་བའི་ལུང་བརྒྱུད་ནི། ཨུ་རྒྱན་པ། ཟླ་བ་སེང་གེ རྣམ་རྒྱལ་བ། ནོར་བུ་བ། ཆོས་རྗེ་ཤེས་རབ་དཔལ་ལྡན་པ། དེས་བདག་ལའོ།། ༈ །འཇམ་དཔལ་ནག་པོའི་རྗེས་གནང་གི་བརྒྱུད་པ་ནི། རྡོ་རྗེ་གདན་པ། བ་རི་བ། རྗེ་བཙུན་ཁུ་དབོན་ལྔ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ། ཡེ་ཤེས་དཔལ། བློ་བཟང་དཀར་མོ། དཀོན་མཆོག་ཐུགས་རྗེ། ཆོས་རྗེ་པ། དེས་བདག་ལའོ།། ༈ །ཆོས་རྗེ་ན་བཟའ་བྲག་ཕུག་པ། ཆེན་པོ་ཆོས་རིན་པ། བྱང་སེམས་བསོད་ནམས་རྒྱལ་མཚན་པ། ཆོས་རྗེ་འདི་ཉིད་ལས་སྒོམ་རིམ་ཐོག་མཐའ་བར་གསུམ་ཡང་ཐོབ། དེ་ཡན་ཚད་བཅོད་རྒྱུད། ༈ །ཆོས་རྗེ་རོང་པོ་ལས་བརྒྱུད་པའི་ཤེས་ཕྱིན་གྱི་ཁྲིད་ཕྲན་སོགས་འགའ་ཡང་ཐོབ་སྟེ། འཕྲལ་དུ་བྲི་བ་མ་གྲུབ་པས་ལུས་སོ།། ༈ །བཅུད་འབུམ་གྱི་ལུང་གི་བརྒྱུད་པ་ནི། རྡོ་རྗེ་རྣལ་འབྱོར་མ། གྲོ་ས་དགེ་བཤེས། གཞོན་ནུ་བློ་གྲོས། ཆོས་རྗེ་པ། དེས་བདག་ལའོ། །འདིའི་དཔེའི་རྣམ་གྲངས་ནི། རྟག་ཏུ་ངུའི་བཅུད་ལེན་ལོ་རྒྱུས་དང་བཅས་པ། ཅོང་ཞིའི་བཅུད་ལེན། མུ་ཟིའི་བཅུད་ལེན། དབང་ལག་གི་བཅུད་ལེན། དམ་པའི་ལུགས་ཀྱི་རྟག་ཏུ་ངུའི་བཅུད་ལེན་གཉིས། ཡང་དབང་ལག་གི་བཅུད་ལེན་གཉིས། ཀླུ་སྒྲུབ་ལ་འཇོག་པོས་ཕུལ་བའི་ཚེ་སྒྲུབ་བཅུད་ལེན། སྦྲང་རྩི་རྟག་ཏུ་ངུའི་བཅུད་ལེན། ཡང་ཅོང་ཞིའི་བཅུད་ལེན་འདུལ་ཐབས་སོགས་དང་བཅས་པ། ཡང་རྡོའི་བཅུད་ལེན་གཉིས། ཡང་རྡོའི་ལས་ཚོགས་གེགས་སེལ་དང་བཅས་པ། rDzogs chen Teachings ཡང༌། བླ་མ་དམ་པ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དེ་དག་ལས། གསང་སྔགས་རྙིང་མ་དམ་ཆོས་རྫོགས་པ་ཆེན་པོའི་སྐོར་ཐོབ་པ་ལ། ཐོག་མར་རྒྱུད་བཅུ་བདུན་གྱི་ལུང་གི་རྣམ་གྲངས་ནི། སྒྲ་ཐལ་འགྱུར་གྱི་རྒྱུད། ནོར་བུ་འཕྲ་བཀོད་ཀྱི་རྒྱུད། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད། ཉི་ཟླ་ཁ་སྦྱོར་གྱི་རྒྱུད། རིན་པོ་ཆེ་ཡི་གེ་