R14: རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་རྣམ་ཐར་ཞལ་གསུང་མ།

  • Pagination (Witness A): ༥༧
[A:༥༧] ༄༅༅ ། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་རྗེ་བཙུན་ཆེན་པོ་གྲགས་པ་རྒྱལ་མཚན་གྱི་ཞལ་ནས། ཁོ་བོ་ལོ་བཅོ་བརྒྱད་པའི་དུས་ན་གཡང་བར་ཉི་མ་ཕྱེད་ཙམ་ན་གཉིད་དུ་སོང་བའི་རྨི་ལམ་ན། མཚན་བརྗོད་ཅིག་སྔར་ཐུགས་ལ་བཟུང་བ་མེད་པར་སྐྱེ་བ་སྔ་མ་ལ་བཟུང་བ་ཡིན་བྱས་ནས་ཁ་ཏོན་བྱས་པས་ཕྱེད་ཙམ་སོང་བ་ན་མནལ་སད། དེ་དུས་ན་ཚིག་འགའ་ཞིག་འདོན་ཞིང་འདུག་གསུངས། ལོ་བཅུ་དགུ་ལོན་པའི་ཚེ། བླ་མ་ས་སྐྱ་པ་ཆེན་པོ་བདེ་བར་གཤེགས་པའི་ས། གཡས་རུ་སྐྱ་བོ་ཁ་གདངས་སུ། གཡང་བར་ཉི་མ་ཕྱེད་ཙམ་ན་གཉིད་དུ་སོང་བའི་རྨི་ལམ་ན། མཚན་བརྗོད་ཚར་གཅིག་ཁ་ཏོན་བྱས་པ་རྨིས་གསུངས། དེ་ནས་དགུང་ལོ་ཉི་ཤུ་ལོན་པའི་དུས་ན་རྩང་པོ་དྲོན་དུ། གཡང་བར་ཉི་མ་ཕྱེད་ཙམ་ན། ཙོག་པོར་གཉིད་དུ་