R14: རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་རྣམ་ཐར་ཞལ་གསུང་མ།

  • Pagination (Witness A): ༥༨
[A:༥༨]སོང་འདུག་པའི་རྨི་ལམ་ན། རྒྱ་གར་ཤར་ཕྱོགས་ནཱ་ལེནྡྲ་ན། ལྷོ་ཕྱོགས་ན་རི་ཆེན་པོ་ནགས་ཚལ་བྱས་པ་ཅིག་ཡོད། དེ་ནས་རི་ཁོར་ཆུང་ཅིག་ལ་ནགས་ཚལ་ཡོད་པ་ཅན་ཞིག་ན་དགོན་པ་ཅིག་ཡོད། དེ་ན་དགེ་བསྙེན་སྔགས་པ་པཎྜི་ཏ་རྒན་པོ་ཅིག་ཡོད་པ་ལ། དེའི་བྱང་ན་ཡུལ་ཆེན་པོ་ཅིག་གིས་བྱང་ངོས་སུ་རྒྱལ་པོས་ལྷ་ཁང་བརྩིགས་ནས་དེའི་རབ་གནས་སུ་ཞུ་རུ་བྱུང་བས། ད་ང་རྒས་པས་མི་ནུས། ངའི་མིང་མུ་ཁ་ཨ་ནནྟ་མ་ཏི་བྱ་བ་དེ་སྒོ་གོང་དུ་བྲིས་ལ། དེའི་རབ་གནས་བྱས་པ་ཡིན་གྱིས་ལ་ཞོག །དེས་བར་ཆད་བསྲུང་བར་འགྱུར་རོ། །ཕྱིས་ངའི་སློབ་མ་པཎྜི་ཏ་ཆེ་བ་ཅིག་ལ་རབ་གནས་ཀྱི་ཆོ་ག་རྒྱས་པར་ཞུས་ཤིག་གསུངས་ནས་བགྲེས་པོ་དེ་ཚེའི་དུས་བྱས་སོ། །དེ་ནས་བྱ་རྒོད་ཕུང་པོའི་རིའི་བྱང་ཕྱོགས་ན་བཙུན་པ་པཎྜི་ཏ་བགྲེས་པོ་ཅིག་འདུག་པ་དེ་ཚེའི་དུས་བྱས་ནས། ཨུཌྱན་གྱི་ཡུལ་གྱི་བྱང་ངོས་ན་བྲག་རི་ཆེན་པོ་ཅིག་ཡོད་པ་ལ་དགོན་པ་གཅིག་འདུག་པ་དེའི་དཔོན་པོ་བཙུན་པ་པཎྜི་ཏ་བགྲེས་པོ་ཅིག་འདུག་པ་དེ་འདས་ནས་བོད་གཅུང་པའི་ཡུལ་ན་ལུང་པའི་ཕུ་བྱང་ན་ཡོད་པ། མདའ་བྱེ་ཚུབ་ལྡང་བ་ཅིག་འདུག །དེ་ནས་གད་གླེ་ཅིག་ལ་ཤར་ནས་འཛེགས་ནས་བྱང་དུ་ཁ་བལྟས་པས་གད་ཐེམ་ལ་འཛེགས་པའི་དགོན་པ་ཅིག་ན། ལྷོ་ཕྱོགས་ན་ནག་པོ་ཚང་བྱས་པ། བྱང་ཕྱོགས་ན་མཆོད་ཁང་ཡོད་པ་དེ་ན་གསེར་གྱི་མཆོད་རྟེན་ཅིག་ཡོད། ཉལ་ས་ཁྱམས་སྟོད་ཁྱམས་སྨད་ཀྱི་མཚམས་ན་སྔས་ཤར་དུ་བསྟན་པ་ཅིག་ཡོད། དེ་ན་སྔགས་པ་བགྲེས་པོ་ཅིག་ཡོད་པ་དེས་མཚན་བརྗོད་མང་དུ་བཤད། དེ་དུས་ན་བླ་མ་ས་ཆེན་ཡང་སློབ་མར་འདུག །མཚན་བརྗོད་ཀྱི་འགྲེལ་པ་སྔགས་དོན་རྣམས་གཟིགས་བྱ་བ་ཡིན། དེའི་དབུ་ན། ཐོབ་དཀའ་རྒྱུ་དང་སྤྱོད་པ་ཡིས། །མཚན་གྱི་དོན་རྣམས་བསྡུས་པ་ཡིན། །ཞེས་བྲིས་ཡོད་དེ། ཐོབ་དཀའ་འབྲས་བུའི་རྒྱུད། རྒྱུ་དག་གིས་རྒྱུའི་རྒྱུད། སྤྱོད་པས་ཐབས་ཀྱི་རྒྱུད་བསྟན་ཏེ། མཚན་བརྗོད་རྒྱུ་ཐབས། འབྲས་བུ་གསུམ་