R14: རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་རྣམ་ཐར་ཞལ་གསུང་མ།

  • Pagination (Witness A): ༦༣
[A:༦༣]ཞུས་པས། བླ་མའི་གཡོན་ངོས་ན་སྤྲུལ་སྐུ་ཤཱཀྱ་ཐུབ་པ་ལ་ཉན་ཐོས་ཀུན་ཤེས་ཀཽཎྜི་ནྱ་ལ་སོགས་པ་ལྔ། ཤཱ་རིའི་བུ་དང༌། མཽད་གལ་གྱི་བུ་དང༌། ཀུན་དགའ་བོ་སྡེ་བརྒྱད་ཀྱིས་བསྐོར་བ་སྤྲིན་ནམ་འཇའ་ཚོན་ལྟར་མཐོང་བ་དང༌། དེར་བླ་མའི་ཞལ་ནས། སྡོམ་པ་ལེན་ན་འདི་ལ་བླངས་པས་ཆོག །དེ་མིན་ན་འདི་ཙུག་བྱས་ཀྱང་ཆོག་པ་ཡིན་ཏེ། སྤྲུལ་སྐུ་འདི་དང་དགེས་རྡོར་ཞལ་བརྒྱད་པ་འདི་ངོ་བོ་གཅིག་ཡིན། ཉན་ཐོས་བརྒྱད་དང་ལྷ་མོ་བརྒྱད་ངོ་བོ་གཅིག་ཡིན། དགེ་སློང་མ་གྲགས་འཛིན་མ་ས་སྤྱོད། སྒྲ་གཅན་འཛིན་མཁའ་སྤྱོད་མ་ཡིན་པས། །ལྷ་དགུ་པོའི་དཀྱིལ་འཁོར་འདི་ཉིད་ལ་སྡོམ་པ་བླངས་ཀྱང་ཆོག་མོད་གསུངས་པས། དེ་ཡང་དེ་ཙུག་གདའ་ཞེས་ཞུས་པས། བླ་མའི་ཞལ་ནས་འོ་ན་ཁྱོད་བླ་མ་དང་སངས་རྒྱས་ཀྱི་ཞལ་མཐོང་བ་གང་བཟང་སྙམ་དུ་གསུངས་པས། དེ་དག་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་དངོས་མཐོང་ན་བཟང་ལགས་ཏེ། ད་ལྟ་ཞལ་མཐོང་བའི་སྐལ་བ་མི་གདའ་བ་ཞེས། བླ་མ་བཞུགས་བཞིན་དུ་ཞལ་མཐོང་བའི་སྐལ་བ་མི་གདའ་གསུངས་པ་སྙམ་བྱེད་པ་ཅིག་བྱུང་ངོ༌། །དེ་ནས་བླ་མའི་ཞལ་ནས་ད་ཁོང་པ་གཉིས་ལ་ཁྱད་མེད་པས་བཙུན་པ་བྱེད་ན་ཡང་མཁན་པོ་བྱེད་ལུགས་ཤེས་པར་མི་འདུག་གམ་གསུང་བ་གདའ་ཞེས་ཞུས་པས། འོ་ན་ཁྱོད་བཙུན་པ་བྱེད་ན་མཁན་པོ་གང་ལ་ཞུ། དབང་བསྐུར་ཞུ་ན་གང་ལ་ཞུ་གསུང་བ་སྙམ་བྱེད་པས། བདག་བཙུན་པ་བྱེད་ན་མཁན་པོར་གྱུར་པ་དང༌། དབང་བསྐུར་ཞུ་བའི་བླ་མར་གྱུར་པ་ནི་བླ་ཆེན་ཉིད་ལགས་སོ་ཞེས་ཞུས་པས། དེ་དེ་བཞིན་ནོ་གསུངས་ནས། བླ་ཆེན་ཉིད་ལས་འཁོར་བྱང་སེམས་ཉེ་བའི་སྲས་བརྒྱད་འདུག་པ་སྙམ་བྱེད་པ་དང་དེ་ལ་གཡས་གཡོན་གྱི་ལོངས་སྐུ་ལྷ་དགུ་དང༌། སྤྲུལ་ལྷ་དགུ་བླ་མ་ལ་ཐིམ་པར་མཐོང༌། བླ་མས་ཆོས་ཀྱི་སྒྲོ་འདོགས་མང་དུ་བཅད་ནས། རིགས་ཀྱི་བུ་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་འདི་ལྟར་ཡིན་མོད་གསུངས་ནས། མི་སྣང་བར་གྱུར་པ་དང་མནལ་སད་