R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 21
[A:21]ཤྲེ་ཡ་སེ་སྟུ། རིག་vc: རིགསགནས་ཀུན་གྱི་ངོ་མཚར་བལྟ་བ་དང༎ ལེགས་བཤད་དགའ་སྟོན་འགྱེད་ལ་གུས་པའི་བློ༎ དམན་པའི་སྤྱོད་ལས་གྲོལ་བའི་རྟོགས་བརྗོད་ཕྲེང༎ མཆོག་ཏུ་དང་བ་vc: དད་པརྣམས་ཀྱིས་བསྟེན་བྱ་ཡིན༎ གང་ཡང་འདི་ན་ཐོག་མཐའ་དབུས་སྤངས་དྲི་བྲལ་གདོད་མའི་དབྱིངས་ལས་མ་གཡོས་
ཐོག་མར་ཨཱ་ཡིག་རྣམ་ཀུན་འགོད༎ ནནྡ་བདེ་སྟོང་དགའ་བཞིའི་དབྱིངས༎ མུཀྟ་ཡེ་ནས་གྲོལ་བ་སྟེ༎ ཝ་ར་མཆོག་ཏུ་མི་འགྱུར་བའོ༎ ཨཱ་ནནྟ་མུཀྟ་ཝ་ར༎ སཱདྷུཿ
རྟག་པར་གནས༎ དཔལ་ལྡན་ཀུན་གཞིའི་ཞིང་ས་ལས་འཐོན་vc: ཐོནའགྲོ་ཀུན་དགའ་བསྐྱེད་ཚུལ་ཁྲིམས་གསར་པའི་འདབ་སྟོང་ཅན༎ འཇིག་རྟེན་ལས་སྣང་ཉོན་མོངས་འདམ་རྫབ་འཆིང་vc: མཆིང་བ་ལས་གྲོལ་མཆོག་ཏུ་ངེས་vc: ཡིདའབྱུང་ཆེར་ལྡན་པ༎ བློ་གསལ་འདུས་པའི་རྒྱ་མཚོའི་དབུས་དེར་མདོ་དང་རྒྱུད་སྡེའི་ངེས་གསང་འཆད་མཁས་བསྔགས་པར་འོས༎ མང་ཐོས་གསུང་རབ་ཀུན་གྱི་ཁུར་ལྕི་བ༎ རྣམ་དཔྱོད་རབ་དགའི་མྱོས་བུམ་ཆེར་མཐོ་ཞིང༎ འཁོར་ཚོགས་སྲེད་པའི་ཞགས་ལས་གྲོལ་བྱེད་པའི༎ བརྩེ་ལྡན་གཉིས་འཐུང་མཆོག་གིས་དགེ་བྱས་བཞིན༎ རང་རང་ངོ་བོའི་ཆོས་ཀུན་གསལ་བ་དང༎ རྣམ་མང་