R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 318
[A:318]གྲངས་འགའ་རེ་བྱས་ནས་ཚུར་ལམ་ཁྲི་ཁང་དུ་ཚེ་དབང་ཙམ་ཕུལ་རྗེས། སྣར་ཐང་ཚོགས་སུ་བཀའ་གདམས་ཕ་ཆོས་བུ་ཆོས། ཐིག་ལེ་བཅུ་དྲུག་གི་དབང། ཇོ་བོ་རྗེ་ནས་བརྒྱུད་པའི་སྒྲོལ་མ་ཉེར་གཅིག་གི་རྗེས་གནང། སྡེ་པ་ཡབ་སྲས་ལ་ཚེ་དབང་བརྒྱ་རྩ། ཚེ་ཁྲིད། དྲིལ་བུ་ལུས་དཀྱིལ། རིམ་ལྔའི་ཁྲིད་སོགས་དགོངས་པར་ཡོད་པའི་བཀའ་ཆོས་རྣམས་ཕུལ་ཞིང། ཚོགས་སྔ་རྟིང་དུ་མང་ཇ་གསུམ། ཁ་ཐགས་གསུམ་བརྒྱའི་ཚོགས་འགྱེད། བྱང་ཆེན་དུའང་མང་ཇ་འགྱེད་ཆས། སྡོད་རིང་བྱམས་པ་སྒྲོལ་མ་རྣམས་ལ་སྙན་དར་དང། ལྷ་ཁང་པ་སོ་སོར་དཀར་མེ་རྒྱ་ཆེར་རྒྱུན་ལྡན་ཕུལ་ནས་སླར་ཁྲི་ཁང་གི་སྐྱིད་ཚལ་ཡིད་བདེ་རྣམ་པར་རོལ་པའི་དགའ་ཚལ་ཉིད་དུ་ཞལ་ངོ་གདན་འཛོམ་ལ་བཀྲ་ཤིས་སྐུ་ཚེའི་དཔལ་བསྐྱེད་ཚེ་དབང་བརྒྱ་རྩ། རིམ་བཞིའི་ཁྲིད། ཕག་དཀར་ཤེས་རབ་གསལ་བྱེད་ལ་སོགས་པའི་བདུད་རྩིས། དད་གུས་ཡངས་པའི་ཤེལ་སྣོད་གངས་བར་བགྱིས་ཏེ། ལྷ་ཆེན་ཚོགས་ཀྱི་བདག་པོའི་མདུན་ས་རང་གནས་ནོར་བུའི་གླིང་གི་ཡངས་རྩེ་བསམ་གཏན་གོང་འཕེལ་གྱི་གནས་ཉིད་དུ་ཉེ་བར་སོན་པའི་སྐབས་འདི་ཉིད་དོ་ཅེས་ལེགས་པར་བྲིས་པའི་ལི་ཁི་ཏཾ༎ དཔལ་ལྡན་བདེ་དགེ་ཀུན་གྱི་དགའ་ཚལ་ནི༎ རྣམ་གྲོལ་མཆོག་གི་བཅོས་བློའི་སྐྱེད་ཚལ་ལས༎ བློ་གསལ་རྒྱ་མཚོའི་སྡེ་སྣོད་འཛིན་པའི་ཚོགས༎ དགེས་བསྐྱེད་ངང་གིས་མགྲོན་དུ་བོས་པ་བཞིན༎ ཀུན་ཏུ་སྲིད་པའི་དཔལ་འབྱོར་མཐའ་དག་ལ༎ ངེས་འབྱུང་ཆེན་པོའི་དགའ་གདུང་རང་གྲོལ་མཆོག༎ ཡང་ཡང་ཡིད་ལ་སེམས་པའི་རྣམ་རྟོག་ཕྲེང༎ ནམ་དུའང་ཆད་པ་མེད་ལ་ཡིད་རང་བྱོས༎ ཀུན་ནས་བག་ཡོད་ཁྲེལ་གཞུང་ལ༎ ངང་གི་དགའ་སྤྲོར་གྱུར་པ་