R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༩༣བ
[A:༩༣བ] སུ་ཤིག་ཞིག་ཡོད། རྟོགས་བརྗོད་རིན་ཆེན་ཕྲེང་བའི་དོ་ཤལ་གྱིས། མཁས་པའི་ཡིད་ལ་དགའ་བ་བསྐྱེད་པ་ལྟར། ཙན་དན་ལྗོོན་པ་གསར་པ་ལྷོ་ཕྱོགས་ཀྱི། རླུང་གིས་བསྐྱོད་པའི་བསུང་གིས་དེ་ལྟ་མིན། རྨད་བྱུང་རྣམ་ཐར་དུམ་བུར་འཐོར་བ་རྣམས། ཁོ་བོའི་ལྷག་བསམ་ཕོ་ཉས་ལེགས་བསྡུས་ནས། གཟུགས་བརྙན་མཛེས་པ་མེ་ལོང་ནང་དུ་ནི། ཤར་བ་འདི་ལ་མཁས་རྣམས་དགྱེས་པར་མཛོད། ལྷག་བསམ་ཉིན་མོར་བྱེད་པའི་འོད་ཟེར་གྱིས། རྣམ་ཐར་པདྨོའི་ཚལ་རྣམས་ཁ་ཕྱེ་སྟེ། ངོ་མཚར་སྦྲང་རྩིའི་ལོངས་སྤྱོད་འདི་སྦྱར་བས། དོན་གཉེར་པུང་བའི་དགའ་སྟོན་རྒྱས་གྱུར་ཅིག། བླ་མའི་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་ཞེས་པ་འདི་ནི། རིག་གནས་མཐའ་དག་ལ་མཁྱེན་པ་རྒྱས་པ་མཁན་ཆེན་དགེ་གཡེ་བ་ཚུལ་ཁྲིམས་སེང་གེའི་གསུང་གིས། བཀའ་གདམས་ཀྱི་དགེ་བའི་བཤེས་གཉེན་བྱོན་ཚུལ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་ཞིག་གྱིས་ཤེས་ཞེས་བསྐུལ་ཀྱང། ལེ་ལོའི་དབང་གིས་རེ་ཞིག་འགྱངས་པ་ལ། ཕྱིས་དོན་དུ་གཉེར་བའི་བཤེས་གཉེན་འགའ་ཞིག་གིས་འཕྲལ་འཕྲལ་དུ་བསྐུལ་བས་མཚམས་སྦྱར་ཏེ། བདེ་བར་གཤེགས་པའི་གསུང་རབ་མཐའ་དག་ལ་མི་འཇིགས་པའི་སྤོབས་པ་བརྙེས་པ། བྱམས་མགོན་གཉིས་པ་ཚུལ་ཁྲིམས་དར་གྱི་ཞབས་རྡུལ་སྤྱི་བོས་བསྟེན་པ། ཤཱཀྱའི་དགེ་སློང་བསོད་ནམས་ལྷའི་དབང་པོས་ཁྲོ་མོ་ཞེས་པ་ཤིང་ཕོ་འབྲུག་གི་ལོ། མངོན་བར་བྱང་ཆུབ་པའི་ཟླ་བ་ཡར་ངོའི་ཚེས་བཅུ་ལ་གྲུབ་པའི་གནས་མཆོག་དཔལ་ལྡན་ལོ་དགོན་པའི་དབེན་གནས་དགའ་ལྡན་རྩེར་སྦྱར་བའོ། འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད།། །།