R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༣༩༤
[A:༣༩༤]པ་ཤ་ཟ་མོའི། །འཇིགས་སྐྱོབ་ལག་པའི་འཆེལ་པ་སྤྲིན་ཤུགས་བཞིན། །བདེ་འབྱོར་ཐར་པའི་གླིང་དུ་བཀྲི་གྱུར་ཅིག །མི་ཟད་རྒྱ་མཚོའི་ཀློང་ལས་ཕྱིར་བཟློག་གི །འགྱུར་མེད་བདེན་པས་བོས་པའི་མཐུན་ཕྱོགས་རླུང༌། །གང་ལ་ཡིད་ཆེས་ཚིག་གི་རྗེས་བཞུགས་བཞིན། །རྣམ་གསུམ་གྲུབ་པའི་འབྱོར་པ་ཐོབ་གྱུར་ཅིག །གླེགས་བམ་མཐོང་དང་དེ་ཚིག་བསྒྲགས་པའི་དབྱངས། །རྣ་བར་སོན་ཞིང་དེ་དོན་དྲན་རྣམས་དང༌། །ལྷན་ཅིག་ས་གསུམ་གནས་པའི་ཡིད་ཅན་རྣམས། །སྲིད་ཞིའི་རྒུད་པ་ཀུན་ལས་བསྲུང་གྱུར་ཅིག །རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས་ཞེས་བྱ་བ་དམ་པ་དེ་ཉིད་ལས་གཙུག་ལག་གཉིས་ཀྱི་བཀའ་དྲིན་མང་དུ་ཐོས་པའི་དགེ་སློང་སྤོང་བ་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའམ། མིང་གཞན་དབྱངས་ཅན་ཕུན་ཚོགས་ངག་གི་དབང་པོའི་སྡེ་བྱ་བས་སྦྱར་བའོ།། །།
རྣམ་ཐར་མ་འདི་ག་ཡིན་པ་ལ། བར་དུ་སྙན་ངག་གི་ཚིགས་བཅད་ཡོད་པ་མགོ་མཇུག་མ་ཚང་བ་ཞིག་ཡོལ་རིན་ཆེན་གླིང་ནས་བྱུང་བ་མཛད་པ་པོ་ཉིད་ཀྱིས་རྒྱས་སུ་བཏང་བའི་འདྲ་མིན་ཞིག་ཡིན་པར་མངོན། ཚར་ཆེན་གྱི་རྣམ་ཐར་འབྲི་སྐབས་དཔེ་འདི་མ་འབྱོར་བས་ཁུངས་དྲངས་པ་རྣམས་ཅིག་ཤོས་ཡིན་ནོ།། །།
note>