R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༣༩༦
[A:༣༩༦] ༄༅༅། །གསུང་སྙན་མགྲིན་པའི་འགྱུར་ཁུགས་ཐོས་པའི་མོད། །ཟབ་གསལ་ཐུགས་ཀྱི་གསང་བ་མཚོན་ནུས་པ། །དབྱངས་ཅན་ལྷ་མོས་སྙིང་དབུས་པདྨའི་ཁྲིར། །རྣམ་དཔྱོད་འདབ་སྟོང་ཟེའུ་ཁ་ཕྱེ་མཛོད། །འདིར་ཆགས་ཁྱོད་ཞལ་ཟླ་འོད་དམར་བའི་འཛུམ། །འཆར་ཀ་ཟླ་ཤེལ་དྭངས་པར་འགྲན་བཟོད་པ། །ཡིད་མཁར་དྲན་ན་སྲིད་ཞིའི་དཔལ་སྟེར་བ། །རྣམ་གསུམ་རྩ་བའི་བླ་མ་འདིར་སྤྱོན་ཞིག །ལྷ་ངག་དབང་ཉིད་ཀྱི་རྗེས་བཟུང་བ། །ཡུལ་འཛིན་མར་ཉི་མ་ལྟར་གྲགས་ཤིང༌། །ཡིད་ཚ་གདུང་ཟླ་བ་ལྟར་བསིལ་བ། །སྐྱབས་བཟང་པོ་བླ་མས་བདག་སྐྱོངས་ཤིག །དབང་བཞི་ལྡན་སྲད་བུས་སྦྲེལ་བ་ཡི། །རྒྱུད་རྣམས་བཤད་ནོར་བུའི་འཕྲེང་བ་མཛེས། །རང་མགྲིན་པར་སྦྱིན་བྱེད་དགེ་བའི་བཤེས། །ཀུན་དགའ་བྱེད་མཆོག་ལྡན་ས་འདིར་རྒྱལ། །གཡོ་ཟོག་རྫུན་དང་འུར་གྱིས་མ་སླད་པར། །རང་ཉིད་བྲེལ་བས་