R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༡༢༣
[A:༡༢༣]བའི་ངོར། རྗེ་བཙུན་བླ་མའི་ཞབས་པད་གཙུག་གིས་བསྟེན་ཅིང༌། བཀའ་དྲིན་ཁོ་ནས་འཚོ་བའི་བཀའ་འབངས། ཤཱཀྱའི་དགེ་སློང་མི་ཕམ་ཆོས་རྒྱ་མཚོས་མཁས་གྲུབ་དུ་མས་བྱིན་གྱིས་བརླབས་ཤིང༌། ཁྱད་པར་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ལ་སོགས་པ་འཁོན་སྟོན་གདུང་བརྒྱུད་དྲི་མ་མེད་པས་བྱིན་གྱིས་བརླབས་པ་དང༌། མགོན་པོ་ཆེ་ཆུང་དངོས་སུ་བཞུགས་པའི་གནས་མཆོག་དཔལ་ལྡན་ལྷུན་གྲུབ་རྩེར་མགོ་བཙུགས་ནས། ཡོངས་སུ་རྫོགས་པ་རྒྱལ་པོའི་ཕོ་བྲང་ཆེན་པོ་གཞིས་ཀ་ཆེན་པོ་བྲག་དཀར་མོའི་སའི་ཆ། ཕུན་ཚོགས་བཀྲ་ཤིས་ལྗོངས་ཀྱི་རྣམ་པར་རྒྱལ་བའི་ཁང་བཟང་དུ། མེ་མོ་སྤྲེའུའི་ལོ་ཧོར་ཟླ་ལྔ་པའི་ཡར་ངོའི་ཚེས་བཅུ་གསུམ་གྱི་སྔ་ཆར་ཕུན་ཚོགས་དུ་མ་དང་བཅས་ཏེ་སྦྱར་བའོ། །འདི་ལ་ནོར་འཁྲུལ་ཉེས་པ་མཆིས་གྱུར་ན། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྲུང་དང༌། །གཟུར་གནས་མཁས་པའི་ཚོགས་རྣམས་བཟོད་པར་བཞེས། །དགེ་བས་འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག། སརྦ་མངྒ་ལཾ།། །།