R176: རྗེ་བཙུན་སྡིངས་མ་བ་ཆེན་པོའི་རྣམ་པར་ཐར་པ་བྱིན་རླབས་ཀྱི་ཆུ་གཏེར་གཡོ་བ།

  • Pagination (Witness A): ༡༥༠
[A:༡༥༠]རྫོགས་ཀྱི་གསོལ་འདེབས་རྒྱ་ཆེར་བསྒྲུབས་ཤིང༌། བདག་ཉིད་ཀྱིས་ཀྱང་རྗེ་དེ་ཉིད་ཀྱི་སྐུ་དྲིན་རྗེས་སུ་དྲན་པའི་སྒོ་ནས་ཡར་ཀླུངས་བཀྲ་ཤིས་ཆོས་སྡེར། ཟླ་བ་བྱུང་ངོ་ཅོག་གི་ཚེས་མཆོད་དང༌། དུས་ཆེན་ཆེན་མོའི་སྐབས་སུ་དགེ་འདུན་བརྒྱ་ཕྲག་ལས་མི་ཉུང་བས། ཚེ་དཔག་མེད་ཀྱི་སྒྲུབ་མཆོད་བསྟན་པ་རིན་པོ་ཆེ་ནམ་གནས་ཀྱི་བར་དུ་བསྙེན་བཀུར་ཕུན་སུམ་ཚོགས་པ་དང་བཅས་ཚུགས་པར་བགྱིས་སོ། །དེ་ལྟར་མཆོག་གི་བླ་མའི་ངོ་མཚར་གཏམ། །བགྲང་ཡས་རྒྱལ་བས་བརྗོད་པར་མི་སྤོབས་ན། །བདག་ལྟའི་བློ་ཡིས་བརྗོད་པར་ག་ལ་ལང༌། །འོན་ཀྱང་ཅུང་ཟད་བརྗོད་འདིའི་བསོད་ནམས་ཀྱིས། །གང་གི་ཐུགས་རྗེས་བདག་རྒྱུད་ལེགས་སྨིན་ཅིང༌། །ཐུབ་བསྟན་རིན་ཆེན་ཕྱོགས་ཀུན་རྒྱས་པ་དང༌། །འགྲོ་ཀུན་མཆོག་གི་བླ་མས་རྗེས་བཟུང་ནས། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །གང་དེའི་ཞབས་སེན་སྙིང་དབུས་པདྨོའི་རྩེར། །བརྟན་པར་བཞུགས་པའི་འཛུམ་ཞལ་བདུད་རྩིའི་རྒྱུན། །ངེས་པར་འཐུང་བའི་ལེགས་བྱས་ཟློས་གར་གྱིས། །འགྲོ་ཀུན་འདྲེན་པའི་ས་མཁན་བྱེད་པར་ཤོག །བདག་དང་མཁའ་མཉམ་འགྲོ་བ་ཐམས་ཅད་ཀུན། །སྐྱེ་དང་སྐྱེ་བ་ཚེ་རབས་ཐམས་ཅད་དུ། །མགོན་པོ་ཁྱོད་ལ་སྙིང་ནས་གསོལ་འདེབས་ན། །བརྩེ་ཆེན་ཐུགས་རྗེས་འབྲལ་བ་མེད་པར་སྐྱོངས། །གུས་པས་ཕྱག་འཚལ་མཆོད་ཚོགས་དཔག་མེད་འབུལ། །ཉེས་བྱས་བཤགས་ཤིང་དགེ་ལ་རྗེས་ཡི་རང༌། །ཆོས་འཁོར་བསྐོར་ཞིང་བཞུགས་པར་གསོལ་བ་འདེབས། །དགེ་དེས་འགྲོ་ཀུན་རྣམ་གྲོལ་མཆོག་ཐོབ་ཤོག །དེ་ལྟར་བདག་གི་བླ་མ་རྗེ་བཙུན་སྡིངས་མ་པ་ཆེན་པོ་དེ་ཉིད་ཀྱི་རྣམ་པར་