R176: རྗེ་བཙུན་སྡིངས་མ་བ་ཆེན་པོའི་རྣམ་པར་ཐར་པ་བྱིན་རླབས་ཀྱི་ཆུ་གཏེར་གཡོ་བ།

  • Pagination (Witness A): ༡༥༡
[A:༡༥༡]ཐར་པ་ཞིག་རང་ཉིད་ཀྱང་དད་པ་ཆེན་པོས་རྩོམ་པར་འདོད་པའི་བློ་ཡོད་པ་དང༌། ཆེད་དུ་བྱི་ལོ་གྲང་མོ་ཆེར་གསུང་ངག་རིན་པོ་ཆེ་སྨིན་རྒྱས་སུ་བཤད་པའི་སྐབས་སུ་བརྒྱུད་པའི་ཁ་སྐོང་དུ་རྗེ་འདིའི་རྣམ་པར་ཐར་པ་ཞིག་བྱེད་དགོས་ཞེས་དད་ལྡན་མང་པོས་བསྐུལ་བ་དང༌། མཐར་ཤེས་བྱ་ཐམས་ཅད་ལ་མི་འཇིགས་པའི་སྤོབས་པ་ཅན་རིག་པའི་དབང་ཕྱུག་འ་ཞྭའི་དགེ་སློང་རྡོ་རྗེ་འཛིན་པ་མགོན་པོ་བསོད་ནམས་མཆོག་ལྡན་གྱིས་བསྐུལ་ཞིང་ཡི་གེའི་རྐྱེན་སྦྱར་བར་བརྟེན། བླ་མ་དམ་པའི་ཞབས་རྡུལ་སྦྱི་བོས་བླངས་པའི་བཀའ་འབངས་འ་ཞྭའི་སྔགས་འཆང་དབང་ཕྱུག་རབ་བརྟན་གྱིས། རྗེ་བླ་མ་ཚར་པ་ཆོས་རྗེའི་གདན་ས་དཔལ་ལྡན་གྲང་ཆེན་གྱི་རང་གི་བསམ་གཏན་ཁང་བུར། འབྲུག་གི་ལོ་ཟླ་བ་བརྒྱད་པའི་རྗེ་བླ་མ་ཉིད་ཀྱི་དུས་དྲན་མཆོད་པའི་ཉིན་ལེགས་པར་བགྱིས་པས་བླ་མ་དམ་པའི་བསྟན་པ་འཕེལ་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །ཡི་གེ་པ་ནི་བླ་མ་དམ་པའི་བཀའ་དྲིན་གྱིས་འཚོ་བའི་བནྡེ་ཉིད་དོ།། །།མངྒ་ལཾ།