R176: རྗེ་བཙུན་སྡིངས་མ་བ་ཆེན་པོའི་རྣམ་པར་ཐར་པ་བྱིན་རླབས་ཀྱི་ཆུ་གཏེར་གཡོ་བ།

  • Pagination (Witness A): ༡༢༦
[A:༡༢༦] ༄༅། །ཨོཾ་བདེ་ལེགས་སུ་གྱུར་ཅིག །རྒྱལ་བ་ཀུན་གྱི་མཁྱེན་བརྩེའི་སྣང་བརྙན་ནི། །དབང་ཕྱུག་བརྒྱད་ལྡན་རིགས་བརྒྱའི་འཁོར་ལོའི་མགོན། །དེང་འདིར་འདྲེན་མཆོག་དམ་པ་སྡིངས་མ་བའི། །ཞབས་པད་སྤྱི་བོའི་ཆུ་མཚོར་བརྟན་པར་བཞུགས། །བློ་གསལ་མཁྱེན་བརྩེའི་གཏེར་ཆེན་འཇམ་པའི་དབྱངས། །གསང་ཆེན་རྒྱ་མཚོའི་དབང་ཕྱུག་རྡོ་རྗེ་འཛིན། །བསླབ་གསུམ་ངུར་སྨྲིག་འཛིན་པ་ཀུན་གྱི་དཔལ། །ཐུབ་བསྟན་རྒྱལ་མཚན་འཛིན་དེར་རྟག་ཕྱག་འཚལ། །དེང་འདིར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་གཅིག་པུ། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་རབ་འབྱམས་ཀྱི་གཏེར་ཆེན་པོ། བསྟན་པ་དང་འགྲོ་བ་མཐའ་ཡས་པ་རྣམས་ཀྱི་གཙུག་གི་རྒྱན་དུ་གྱུར་པའི་འཕགས་པའི་དགེ་འདུན། ལྷ་དང་བཅས་པའི་འཇིག་རྟེན་པ་ཀུན་གྱི་མ་འདྲིས་པའི་མཛའ་བཤེས་དམ་པ། རྟོགས་པས་ཐུགས་རྒྱུད་གྲོལ་ཞིང༌། བརྩེ་བས་གཞན་རྒྱུད་སྨིན་པར་མཛད་པའི་རྣལ་འབྱོར་གྱི་