R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༣༣༥
[A:༣༣༥]དཔའ་སེམས་དཔའ་ཆེན་པོ། མཁས་པའི་དབང་པོ་ཐམས་ཅད་ཀྱི་ཕ་རོལ་ཏུ་སོན་པ་སེའི་གདུང་རིགས་ལས་འཁྲུངས་པ་རིག་པ་འཛིན་པ་ཆེན་པོ་དབང་པོའི་སྡེ། ཞབས་དྲུང་འདུལ་དྲུང་གིས་འདི་ལྟར་བསྒྲིགས་གསུང་རྒྱང་རིང་པོ་ནས་བཀའི་ཟུར་གནང་སྦྱིན་དང་བཅས་སྩལ་བ་ལ་བརྟེན་ནས་རྗེ་བཙུན་དམ་པ་དེའི་བཀའ་དྲིན་དང་ཡོན་ཏན་རྗེས་སུ་དྲན་ནས་མི་ཤེས་བཞིན་དུ། དམ་པ་དེ་དག་གི་ཞབས་པད་ལོ་བཅུ་ཕྲག་གཉིས་དང་དབང་པོའི་གྲངས་ཙམ་བརྟེན་ཀྱང་ཡོན་ཏན་གྱི་དྲི་མས་མ་གོས་པའི་སེར་གཟུགས་རྡོ་རྗེའི་མིང་གིས་མེ་ཕོ་རྟའི་ལོ་དབྱུག་པ་ཟླ་བའི་ཚེས་བཅོ་ལྔ་ལ་བྲིས་ནས་ཕུལ་བ། བླ་མ་དང་མཁའ་འགྲོའི་ཚོགས་ཀྱིས་བཟོད་པར་བཞེས་ལ་རྒྱུད་ལ་བྱིན་རླབས་འཇུག་པར་ཤོག །ཐུགས་རྗེའི་ཞགས་པས་འཁོར་བའི་གནས་ནས་དྲོངས། །བྱམས་པའི་ལྕགས་ཀྱུས་ཁྱོད་བཞུགས་ཞིང་དུ་ཁུག །ཐབས་མཁས་ལྕགས་ཀྱི་སྒྲོག་དེས་ཕྱིར་མི་ཟློག །བྱང་ཆུབ་སེམས་ཀྱི་དྲིལ་བུས་དབྱེར་མེད་མཛོད། །ཅེས་ཀྱང་སྨྲས་སོ།། །།མངྒ་ལཾ།།