R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༡༥༤
[A:༡༥༤]༄༅༅། །ན་མོ་གུ་རུ་བུདྡྷ་བོ་དྷི་སཏྭ་མཎྜ་ལེ་བྷྱཿ མཁྱེན་རབ་ཆུ་གཏེར་གཏིང་མཐའ་ཟབ་ཡངས་པར། །བརྩེ་བའི་མངའ་བདག་རྒྱུད་སྡེའི་བཅུད་ཀྱིས་མྱོས། །ནུས་པའི་དབང་ཕྱུག་སྐྱེ་རྒུའི་གཙུག་གི་རྒྱན། །མཚུངས་མེད་འཇམ་དབྱངས་བླ་མའི་ཞབས་ལ་འདུད། །བློ་ཆེན་རྒྱལ་བ་མ་ལུས་འདུས་པའི་དངོས། །སྙིང་པོའི་དོན་ཀུན་གསལ་མཛད་ཚར་པ་རྗེ། །གྲངས་མེད་གདུལ་བྱ་རྒྱ་མཚོའི་མགོན་གཅིག་པུ། །ཡོངས་འཛིན་བླ་མས་རྟག་ཏུ་བྱིན་གྱིས་རློབས། །འབྲེལ་ཚད་དོན་ལྡན་པདྨའི་སྲས་ཀྱི་མཆོག །བཀའ་གཏེར་གསར་རྙིང་དམ་ཆོས་དུ་མའི་མཛོད། །བོད་ཡུལ་མུན་པའི་ལྗོངས་འདིར་བསྟན་པ་ཡི། །རྒྱལ་མཚན་ཕྱོགས་མཐར་བསྒྲེང་བ་ཁྱོད་ལ་འདུད། །རྒྱུད་སྡེའི་བང་མཛོད་རྗེ་བཙུན་བྱང་གླིང་པ། །མཁས་བཙུན་བཟང་པོའི་ཁྱུ་མཆོག་གྲགས་ཐོགས་པ། །གྲུབ་པའི་དབང་ཕྱུག་བསོད་ནམས་དཔལ་འབྱོར་ཞབས། །འདྲེན་མཆོག་དམ་པ་གསུམ་ལ་