[A:༣༣༨]༄༅༅། །ན་མོ་གུ་རུ་བཛྲ་དྷ་ར་ཝཱ་གིནྡྲ་དྷརྨྨ་ཀཱིརྟ་ཡེ། དགེ་ལེགས་ཚོགས་གཉིས་ཕུན་ཚོགས་རིན་ཅེན་སྣོད། །བགྲང་ཡས་ཡོན་ཏན་བྱེ་བའི་བཅུད་ཀྱིས་གང༌། །ངག་དབང་ཐུགས་རྗེའི་ཆོས་ཀྱི་ཁ་རྒྱན་ཅན། །གྲགས་སྙན་གཡོ་བའི་བུམ་པ་བཟང་པོར་འདུད། །དགེ་ལེགས་འབྱུང་གནས་བསླབ་གསུམ་སྡེ་སྣོད་ཚོགས་གཉིས་བྱང་སེམས་རྩ་བ་བརྟན། །ཟབ་རྒྱས་མན་ངག་དབང་ལུང་གདམས་པ་རྒྱུད་སྡེའི་མཁྱེན་ཡངས་ལོ་འདབ་གཡོ། །རིམ་གཉིས་ལྟ་བ་སྙན་བརྒྱུད་ཆོས་ཚུལ་དགོས་འདོད་ཐུགས་རྗེའི་འབྲས་བུས་བརྗིད། །ལྷ་མིའི་སྐྱབས་མཆོག་དཔག་བསམ་ལྗོན་ཤིང་གྲགས་པའི་རྒྱལ་མཚན་འཛིན་མཁས་རྒྱལ། །རྗེ་བཙུན་ངག་གི་དབང་པོ་ངུར་སྨྲིག་ཟོལ། །ཇི་ལྟ་ཇི་སྙེད་ཆོས་ཀྱི་རྒྱ་མཚོ་ལས། །གནས་བཅས་ཚངས་དབྱངས་གྲགས་པའི་ཕུད་སྒྲ་སྒྲོག །གངས་ལྗོངས་རྒྱ་མཚོའི་རྒྱན་གྱུར་དེ་ལ་འདུད། །འགྲོ་བའི་བླ་མ་ཟས་གཙང་ཤཱཀྱའི་ཏོག །ཐུབ་བསྟན་གསལ་