R186: དུས་གསུམ་གྱི་བདེ་བར་གཤེགས་པ་མ་ལུས་པའི་ངོ་བོ་ཁྱབ་བདག་རིན་ཅེན་བསོད་ནམས་མཆོག་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དཔྱོད་ལྡན་ཡིད་དབང་འགུགས་པའི་ལྕགས་ཀྱུ།

  • Pagination (Witness A): ༡༠༨
[A:༡༠༨]སྤྲུལ་པའི་ལུས། །པུས་མོའི་ལྷ་ང་སར་བཙུགས་གུས་ཕྱག་འཚལ། །ཕྱི་ནང་གསང་མཆོད་བློ་འདས་རང་སེམས་ངོར། །ཡོངས་འཕྲོད་ནམ་མཁའ་མཛོད་ཀྱི་སྒོ་འཕར་དབྱེ། །སྡིག་ལྟུང་མཚན་གྱི་སྨག་རུམ་སྟོབས་བཞི་ཡི། །གསར་པའི་སྐྱ་རེངས་ཀྱིས་བསངས་སྙིང་ནས་བཤགས། །ཐེག་གསུམ་སྐྱེ་འཕགས་ཡོངས་ཀྱིས་བྱས་སོ་ཅོག །སྟོན་ཟླའི་མདངས་འཛིན་དགེ་ལ་ལྷག་པར་རངས། །བགྲང་ཡས་རྒྱུད་སྡེ་རྒྱ་མཚོའི་ཆོས་འཁོར་ཀུན། །ཐུབ་བསྟན་དེ་སྲིད་བར་དུ་བསྐོར་བར་བསྐུལ། །མགོན་ཁྱེད་ངེས་པ་ལྔ་ལྡན་ལོངས་སྐུ་བཞིན། །བསྐལ་བརྒྱར་མྱ་ངན་མི་འདའ་བཞུགས་གསོལ་འདེབས། །འདིས་མཚོན་རྣམ་སྨིན་དཀར་པོར་གསགས་པའི་ལས། །མ་ལུས་མུ་མཐའ་ཡས་པའི་སེམས་ཅན་ཚོགས། །བྱང་ཆེན་འགོད་ཆེད་རྡོ་རྗེའི་སློབ་དཔོན་ཞབས། །གཡུང་དྲུང་ལྟ་བུར་མི་གཡོའི་རྒྱུ་རུ་བསྔོ། །དཔྱད་གསུམ་ཀུན་ནས་དག་པས་ཡིད་ཆེས་གནས། །གནས་ལུགས་གསོང་པོར་བརྗོད་པ་འཁྲུལ་བྲལ་ཚིག །ཚིག་དོན་ལུང་རིགས་འབྲེལ་འདི་བློ་ལྡན་ཚོགས། །ཚོགས་ཀྱི་དབུས་སུ་དགའ་བའི་གཏམ་དུ་ལོང༌། །ཟབ་ཟབ་རྟོགས་པར་དཀའ་བའི་རྣམ་པར་ཐར། །སྙན་སྙན་བརླིང་པོའི་སྡེབ་སྦྱོར་ཉེར་སྤངས་ཏེ། །ཡང་ཡང་རང་གི་ཡིད་ལ་གོམས་པ་ཙམ། །གསལ་གསལ་མཆོག་དམན་ཡོངས་ལ་ཕན་ཕྱིར་བཀོད། །ལེགས་བྱས་ཕུང་པོར་སྤུངས་འདིས་ཡང་སྲིད་ཀུན། །དགེ་བའི་བཤེས་གཉེན་མུ་ཐི་ ལ་ཡི་ཆར། །རྟག་ཏུ་བབས་ནས་གཏན་འདུན་ཟླ་བཞིན་མ། །འགྲུབ་པའི་སྐལ་པ་བཟང་པོར་འགྱུར་བར་ཤོག །ཅེས་གདན་གསུམ་ཚང་བའི་རྡོ་རྗེའི་སློབ་དཔོན་མཁན་ཆེན་ཞ་ལུ་པ་ཚེ་དབང་ལྷུན་གྲུབ་རབ་བརྟན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དཔྱོད་ལྡན་ཡིད་