R186: དུས་གསུམ་གྱི་བདེ་བར་གཤེགས་པ་མ་ལུས་པའི་ངོ་བོ་ཁྱབ་བདག་རིན་ཅེན་བསོད་ནམས་མཆོག་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དཔྱོད་ལྡན་ཡིད་དབང་འགུགས་པའི་ལྕགས་ཀྱུ།

  • Pagination (Witness A):
[A:༢]༄༅༅། །ཏྲཻ་ཀཱ་ལེ་ཥུ་ལཀྵྨཱི་བྷ་ཝནྟུ། དུས་གསུམ་གྱི་བདེ་བར་གཤེགས་པ་མ་ལུས་པའི་ངོ་བོ་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོ་ཚུལ་ཁྲིམས་ཀྱི་དྲི་ངད་ཕྱོགས་བརྒྱར་ཁྱབ་པའི་མཚམས་སྤྲིན་གསར་པའི་བླ་གོས་ཅན་རིན་ཅེན་བསོད་ནམས་མཆོག་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དཔྱོད་ལྡན་ཡིད་དབང་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་དཔལ་ལྡན་བླ་མ་དམ་པའི་ཞབས་ཀྱི་པདྨོར་ཡན་ལག་མཆོག་གིས་བཏུད་ནས་གསོལ་བ་འདེབས་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་མ་གྱུར་པར་དེ་སྲིད་དུ་བརྩེ་བ་ཆེན་པོས་རྗེས་སུ་གཟུང་དུ་གསོལ། རིན་ཆེན་ཕུང་པོར་སྤུངས་པས་རྙེད་མིན་བསོད་ནམས་ཡེ་ཤེས་ཚོགས་ཆེན་པོས། །ཉེར་བསྐྲུན་ཆོས་གཟུགས་སྐུ་གཉིས་མངོན་གྱུར་སྟུག་པོ་བཀོད་པའི་མགོན་པོ་མཆོག །