R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༤༠༤
[A:༤༠༤]བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེ་ཆེན་པོ་དང༌། བསྟན་འགྲོའི་གཙུག་རྒྱན་དཔལ་ས་སྐྱ་པ་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ཡབ་སྲས། སྐྱབས་གནས་ཀུན་འདུས་ཁྱབ་བདག་རྡོ་རྗེ་འཆང་མཁྱེན་རབ་བསྟན་འཛིན་བཟང་པོ་ཁུ་དབོན། དཀྱིལ་འཁོར་རྒྱ་མཚོའི་དབང་ཕྱུག་ཁྱབ་བདག་ཞྭ་ལུ་པ་ཆེན་པོ་ཚེ་དབང་ལྷུན་གྲུབ་རབ་བརྟན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་སོགས། ཡོངས་འཛིན་དམ་པ་རྣམས་ཀྱི་ཞབས་རྡུལ་སྤྱི་བོས་ལེན་པ་ལྷ་བཙུན་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་ཀྱིས་ཁྱུ་མཆོག་གི་ལོ་ཆུ་སྟོད་ཀྱི་ཟླ་བའི་གྲལ་ཚེས་དགེ་བར་རེས་གཟའ་ལྷའི་བླ་མ་དང་རྒྱུ་སྐར་རྒྱལ་མཛོམས་པའི་འཆི་མེད་གྲུབ་པའི་འགྲུབ་སྦྱོར་བཟང་པོ་སྦྱོར་བ་འཕེལ་བ། བྱེད་པ་རྐང་བཞི། དབྱངས་ཨཱ། གསལ་བྱེད་མཱ། ཁམས་ནམ་མཁའ། འདོད་ཡོན་སྒྲ་རྣམས་ལྷན་ཅིག་འདུས་པའི་ཉིན་ཤྲཱི་ནཱ་ལེནྡྲ་རྣམ་པར་རྒྱལ་བའི་བླ་བྲང་ལྕང་ལོ་ཅན་དུ་རེ་ཞིག་རྫོགས་པར་སྦྱར་བའི་ཡི་གེ་པ་ནི་ཆོས་མཛད་མཆེད་དང༌། རབ་འཕེལ་གྱིས་བགྱིས་པ་དགེ་ལེགས་འཕེལ་བར་གྱུར་ཅིག།