R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༡༡༢
[A:༡༡༢]༄༅། །ན་མཿཔྲཛྙཱ་ཤཱ་ས་ན་དྷ་ར་ཤཱི་བྷ་དྲཱ་ཡ། འོད་གསལ་འཆི་མེད་ལྡིང་ཁང་ལས་འོངས་འཁོན་རིགས་གདུང་གི་མངོན་མཐོ་ཞིང༌། །རྒྱ་ཆེན་མདོ་རྒྱུད་རྒྱ་མཚོའི་མངའ་བདག་གངས་ཁྲོད་མཁས་གྲུབ་ཀུན་གྱི་རྗེ། །རྒོལ་ངན་ཚར་གཅོད་དྲེགས་ལྡན་མི་བདག་བྱེ་བའི་རིགས་ཀྱི་ཅོད་པན་ཅན། །ས་སྐྱའི་བླ་ཆེན་གོང་མ་ལྔ་ཞེས་ཉི་ཟླ་ལྟར་གྲགས་དེར་ཕྱག་འཚལ། །ངག་གི་དབང་ཕྱུག་དུས་གསུམ་རྒྱལ་བའི་མཁྱེན་བརྩེ་མ་ལུས་གཅིག་བསྡུས་པ། །རིགས་བརྒྱའི་ཁྱབ་བདག་ནོར་འཛིན་འགྲོ་བ་བློ་གསལ་ཀུན་གྱི་གཉེན་གཅིག་པོ། །མཛད་བཟང་རྒྱ་མཚོའི་གོས་ཅན་ཀུན་ཁྱབ་གྲགས་པ་དོན་གྱི་ཐམས་ཅད་མཁྱེན། །ལྷར་བཅས་སྐྱེ་རྒུའི་གཙུག་རྒྱན་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་སྤྱི་བོས་མཆོད། །རྒྱལ་བས་ལུང་བསྟན་ཡོངས་རྫོགས་བསྟན་པའི་མངའ་བདག་ཨེ་ཝཾ་པ། །རྡོ་རྗེ་འཆང་དབང་ངུར་སྨྲིག་གོས་བཀླུབས་འཇམ་དཔལ་རྡོ་རྗེ་མཁྱེན་རབ་