R190: ལྷར་བཅས་འགྲོ་བའི་སྐྱབས་མགོན་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པའི་བདག་ཉིད་མཚན་དཔག་པར་དཀའ་བ་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་ཀྱི་རྣམ་ཐར་སྨད་ཆ་སྐལ་ལྡན་རྣ་བའི་བདུད་རྩི།

  • Pagination (Witness A): ༤༠༤
[A:༤༠༤]༈ ལྷར་བཅས་འགྲོ་བའི་སྐྱབས་མགོན་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པའི་བདག་ཉིད་མཚན་དཔག་པར་དཀའ་བ་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་ཀྱི་རྣམ་ཐར་སྨད་ཆ་སྐལ་ལྡན་རྣ་བའི་བདུད་རྩི་ཞེས་བྱ་བ་བཞུགས་སོ། །༅། །ཨོཾསྭ་སྟི། དཔག་མེད་སྔོན་རོལ་ཚོགས་གཉིས་མཐར་སོན་པས། །ཡེ་ནས་གདོད་མའི་དབྱིངས་སུ་སངས་རྒྱས་ཀྱང༌། །སླར་ཡང་འགྲོ་བའི་དོན་དུ་སྐུའི་ཟློས་གར། །ངུར་སྨྲིག་གོས་ཀྱིས་བཀླུབས་པའི་རྒྱལ་བ་རྗེ། །སྐྱབས་མཆོག་བླ་མ་མཻ་ཏྲིའི་མཚན་ཅན་དང༌། །དབྱེར་མེད་མགོན་དེའི་རྒྱལ་ཚབ་མཐུ་བོ་ཆེ། །ཀུན་འཛིན་འཁོར་བའི་འདམ་