R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༥༢
[A:༤༥༢]༄༅༅། །མཁྱེན་བརྩེའི་བདག་ཉིད་རྩ་བརྒྱུད་བླ་མ་དང༌། །མཆོག་ཐུན་དངོས་གྲུབ་ཀུན་སྩོལ་ཡི་དམ་ལྷ། །ཕྱི་ནང་བར་ཆད་ཀུན་སེལ་སྲུང་མའི་ཚོགས། །འཕྲལ་དང་ཡུན་དུ་ཤིས་པའི་དགེ་ལེགས་སྩོལ། །ཁྱད་པར་མ་ནོར་ལམ་སྟོན་རྗེ་བཙུན་མཆོག །འཁྲུལ་བྲལ་ས་སྐྱའི་འཇམ་མགོན་ཡབ་སྲས་དང༌། །འགྲན་ཟླ་ཀུན་བྲལ་དྲིན་ཅན་མཁྱེན་རབ་རྗེར། །སྙིང་ནས་འདུད་དོ་བྱང་ཆུབ་བར་དུ་སྐྱོངས། །མཆོག་ཐུན་དངོས་གྲུབ་མྱུར་སྩོལ་ཧེ་བཛྲ། །ཁམས་གསུམ་དབང་སྡུད་ལྷ་མཆོག་དམར་པོ་གསུམ། །དྲན་པས་བདུད་དཔུང་ཚར་གཅོད་མཧཱ་ཀཱ་ལས། །བདག་གི་འདོད་པའི་དོན་ཀུན་སྒྲུབ་པར་མཛོད། །དེ་ལྟར་དམ་པ་རྣམས་ལ་གུས་བཏུད་ནས། །བྱ་བྲལ་འཁྱམས་པོའི་འདི་བྱས་འདི་བྱུང་རྣམས། །ཡི་གེར་བཀོད་ལ་དགོས་པ་ཅི་ཡང་མེད། །དེ་བས་བསམ་གཏན་ཐུན་གཅིག་བསྒོམས་པ་དགའ། །འོན་ཏེ་དད་ལྡན་སློབ་བུས་ནན་ཆེས་པས། །མི་ཚུད་བཞིན་དུ་དམ་པའི་གྲལ་རིང་