R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A):
[A:༢]རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་དཔལ་ལྡན་བླ་མ་དམ་པ་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་ཐེག་མཆོག་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་ཞབས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ངག་དབང་མཁྱེན་པའི་ཆུ་གཏེར་རབ་ཡངས་ཀུན་དགའི་གསུང་རབ་སྙིང་པོའི་བཅུད། །བསོད་ནམས་ཡེ་ཤེས་ལེགས་པའི་རྩེར་སོན་ཡོན་ཏན་རིན་ཆེན་འབྱུང་གནས་ཆེ། །ཐེག་མཆོག་བསྟན་པའི་ཀླུང་རྒྱུན་ཆེར་འབབས་རབ་སྙན་གྲགས་པའི་རྒྱལ་མཚན་འཛིན། །དཔལ་འབྱོར་བཟང་པོའི་ཆུ་རྒྱུན་ཀུན་འདུས་སྔོན་མེད་ཆོས་ཀྱི་རྒྱ་མཚོ་རྒྱལ། །རབ་མཛེས་སྐུ་ནི་མཚན་དཔེས་ཡོངས་སྤྲས་ངག་དབང་ལྷ་དེ་ངུར་སྨྲིག་འཆང༌། །སྒྲ་སྙན་གསུང་ནི་འགྲོ་ཀུན་དགའ་མཛད་ལེགས་པར་བཤད་པའི་འབྱུང་གནས་ཆེ། །རབ་ཟབ་ཐུགས་ནི་ཐེག་མཆོག་བསྟན་པའི་ཉིང་ཁུ་བགྲང་