R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༧༡༥
[A:༧༡༥]ཟློས་གར་བསྒྱུར་འདིར་ཚིག་ཚོགས་ཀྱི། །རྗེས་འབྲངས་མཁས་རྣམས་རེ་ཞིག་བཟོད་མཛོད་ལ། །ཞིབ་མོའི་གཟུར་གནས་གོ་མྱོང་མཛད་འཚལ་ལོ། །འདི་ན་སྐྱེས་སྟོབས་བློ་གྲོས་རབ་ཕྲ་ཡང༌། །སྦྱངས་སྟོབས་རང་བཞིན་བརྗོད་ཀྱི་ངག་ཚིག་གི །ཕྲེང་བ་སྤེལ་ལ་ལོངས་འཁོར་འཁྲོལ་ནས་གདའ། །རློམ་སེམས་དོར་ནས་བག་ཡོད་ཅི་བདེར་བཞུགས། །ཞེས་ཀྱང་སྨྲས་སོ།། །། བཅུག་ཐེངས་བཞི་པ་ཡིན་ནོ།།