R2: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད།

  • Pagination (Witness B): 6b
[B:6b]ཡིན། མཚན་དངོས་ལ་སཾ་བྷོ་ཊ་ཞེས་བོད་བཟང་པོར་འཆད་པ་ཡོད་ཀྱང་ཡི་གེ་གསར་རྙིང་མང་པོ་ན་སཾ་བྷོ་དྲ་ཟེར་བ་ཡོད། དེའི་[A:15]སྐད་དོད་ཀུན་ཏུ་བཟང་པོ་ཡིན་ཞིང་། མཁན་པོ་འདི་ཉིད་ཀྱིས་མཛད་པའི་བསྟན་བཅོས་རྣམས་ལའང་ཀུན་ཏུ་བཟང་པོའི་རྩ་བ་བརྒྱད་པ་ཞེས་འབྱུང་བ། འཕགས་ཡུལ་ནའང་འགྲེལ་བ་ཆོས་འབངས་དང་། ཆོས་མཆོག་ལ་སོགས་པ་བསྟན་བཅོས་ཀྱི་མིང་མཛད་པ་པོ་ལས་བཏགས་པ་མང་བས། འདིར་ཡང་མཛད་པ་པོ་ལས་བསྟན་བཅོས་ཀྱི་མིང་བྱུང་བར་གསལ་ལོ། ། འདི་ནི་རྒྱལ་པོའི་ལུང་གིས་རྒྱ་གར་དུ་བཏང་། པཎྜི་ཏ་བརྒྱ་རྩ་བརྒྱད་བསྟེན། ཁྱད་པར་དུ་ལྷ་རིག་པའི་སེང་གེ་དང་། བྲམ་ཟེ་ལི་བྱིན་ལས་མཁས་པར་བསླབས། བོད་དུ་ཆོས་མང་པོ་བསྒྱུར། བོད་ཡིག་བརྩམས། འཇིག་རྟེན་གྱི་མིག་ལྟ་བུར་གྱུར་པས་ལོ་ཙཱ་བ་ཞེས་པའི་ཐོག་མར་བྱོན་པ་ཡིན་ནོ། ། དེའི་སྲས་མ་ཧཱ་སཏྭ། དེ་ནས་རིམ་པ་ལྟར། ཡེ་ནགཉི་མ་ཀློང་གསལབེར་ནག་ཅནམོན་མོགཙོ་བོ་ལྷ་སྲས། འདི་ཡན་གྱི་ལ་ལས་དགུང་ལོ་བརྒྱ་ལྷག་པ་བཞུགས་པའང་བྱུང་། བསོད་ནམས་རྒྱལ་པོརྒྱལ་པོ་དགའརྟ་མགྲིན་རྒྱལ་མཚན ། དེའི་སྲས་དཔོན་རྡོ་རྗེ་བཀྲ་ཤིས་ཞེས་པའི་བསོད་ནམས་ཅན་ཞིག་བྱུང་བ། དཔལ་ས་སྐྱར་ཏི་ཤྲི་ཀུན་དགའ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་ཞབས་ལ་གཏུགས། བླ་མ་དེ་ཉིད[A:16]ཀྱིས་རྒྱ་ནག་ཏུ་གོང་མ་གོ་དན་ཐི་མུར་གྱི་དྲུང་དུ་མངགས་ཤིང་། གོང་མས་དུ་དབེན་ཤའི་བྱ་ལས་ཆེན་པོ་གནང་བས་རྡོར་བཀྲས་དུ་དབེན་ཤར་དུ་གྲགས། དེའི་སྲས་དཔོན་བཞི་འཛོམ་ཞེས་འཇིག་རྟེན་གྱི་མེས་པོ་ལྟ་བུ་དེ་ལ་གོང་མ་མིའི་དབང་པོ་གྲགས་པ་རྒྱལ་མཚན་གྱིས་གཞིས་ཀ་གོང་དཀར་གྱི་རྫོང་དཔོན་བསྐོས། དེའི་སྲས་རྒྱལ་བ་ཤེས་རབ་ཅེས་པའི་མིའི་སྐྱེས་བུ་ལྷའི་རྣམ་དཔྱོད་འདྲ་བ་ཞིག་བྱུང་བ་རྣམས་དང་། ད་ལྟ་བཞུགས་ཡན་གྱི་ཐུའི་གདུང་རབས་ཇི་ལྟར་བྱོན་པ་རྣམས་ལུགས་གཉིས་ལྡན་གྱིས་མངོན་པར་མཐོ་ཚུལ་ཞིབ་པར་ནི་ཚུལ་གཉིས་ལ་མཁྱེན་པའི་སྤྱན་