[B:2a]བ་འགྲོ་འདིའི་སྐད་ཀྱི་ངོ་[A:2]བོར་སོན། །
མཆོག་ཏུ་ཟག་མེད་ཡེ་ཤེས་ཐུགས་གང་ཀུན་འགྲོའི་ཡིད་ཀྱི་རོལ་པ་ཅན། །
ཁྱབ་བདག་རྡོ་རྗེ་འཆང་གི་ཕུན་ཚོགས་འཇིག་རྟེན་གསུམ་དུ་གསལ་གྱུར་ཅིག།
ཟབ་ཡངས་མཁྱེན་བརྩེ་ནུས་མཐུ་ལ་སོགས་བསྔགས་འོས་ཡོན་ཏན་རིན་ཆེན་གཏེར། །
བསམ་ཡས་ཕྲིན་ལས་གསེར་གྱི་འཁོར་ལོས་འཛམ་གླིང་ས་ཆེན་ཁ་ལོ་བསྒྱུར། །
ཐུབ་བསྟན་ཡོངས་སུ་རྫོགས་པའི་མངའ་བདག་ཆོས་ཀྱི་རྒྱལ་པོ་ས་སྐྱ་པ། །
ཡབ་སྲས་བརྒྱུད་པར་བཅས་པའི་ཞབས་རྡུལ་མི་འཕྲོག་མོས་པའི་གཙུག་གིས་བསྟེན། །
ཀུན་མཁྱེན་གཙོ་བོ་ཤཱཀྱའི་རྒྱལ་ཚབ་ཤེས་བྱ་ཐམས་ཅད་མཁྱེན་ཅིང་གཟིགས། །
དགའ་ཆེན་རྡོ་རྗེ་སེམས་དཔའི་ངོ་བོ་དཀྱིལ་འཁོར་ཀུན་གྱི་འཁོར་ལོ་བསྒྱུར། །
རྣམ་དཀར་ཕྲིན་ལས་ཟབ་ཅིང་རྒྱ་ཆེ་ས་གསུམ་སྐྱེ་དགུའི་མགོན་གཅིག་པུ། །
རྒྱལ་བ་ཀུན་དངོས་དཔལ་ལྡན་བླ་མ་ཕྲིན་ལས་བཟང་པོའི་ཞབས་ལ་འདུད། །
On composition of hagiography
རྒྱལ་ཀུན་གསང་བ་གསུམ་དང་དབྱེར་མེད་གང་གི་རྣམ་ཐར་མཁའ་འདྲ་བ། །
མངོན་ཤེས་དྲུག་ལྡན་གཅིག་པུ་ལས་གཞན་བློ་བཟང་རྒྱལ་བའི་མྱུ་གུས་ཀྱང་། །
གཞལ་ནུས་མིན་ན་བདག་ཅག་བྱིས་བློའི་སོར་མོས་འཇལ་འདོད་ངལ་བའི་གནས། །
ཀུ་ཤའི་རྩེ་མོས་རི་རབ་[A:3]སྲང་ལ་བཅལ་བར་ནུས་པ་འགའ་མཆིས་སམ། །
།དེ་ལྟ་ན་ཡང་རྗེ་བཙུན་བླ་མའི་ཞབས་རྡུལ་ཡུན་རིང་བསྟེན་པ་བདག
།ས་ཆེན་སྐྱོང་སོགས་དད་