R2: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད།

  • Pagination (Witness B): 22a
[B:22a]ཆེན་པོ་སངས་རྒྱས་ཕལ་པོ་ཆེ། རྨ་ག་ཆད། སྡོང་པོ་བཀོད་པ། བཟང་སྤྱོད་ཀྱི་འཇུག་སྡུད་དང་བཅས་པ་ཤླཽ་ཀ་སུམ་ཁྲི་དགུ་སྟོང་སུམ་ཅུ་ལ་[A:65]བམ་པོ་བརྒྱ་དང་སུམ་ཅུ་དང་། ཤླཽ་ཀ་སུམ་ཅུ་པ་རྣམས་ལེགས་པར་གསན་ནོ། ། ཡང་མདོ་སྡེ་དཀོན་མཆོག་བརྩེགས་པ་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས། བོད་དུ་ལེའུ་འམ་དུམ་བུ་ལྔ་བཅུ་འགྱུར་བའི་ཆོས་ཀྱི་རྣམ་གྲངས་སྡོམ་པ་གསུམ་བསྟན་པའི་མདོ་ལ་སོགས་པ། ཆོས་ཚན་དུམ་བུ་ལྔ་བཅུ་ཡང་ཡོངས་སུ་རྫོགས་པར་གསན། ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱོགས་ཀྱི་གསུང་རབ་གསན་པའི་རིམ་པ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་སོགས་རྒྱས་འབྲིང་བསྡུས་གསུམ། ཁྲི་བརྒྱད་སྟོང་པ། ཤེས་རབ་ཁྲི་པ། རྡོར་གཅོད། སྡུད་པ་སོགས་ཟབ་མོའི་ཆོས་བཞི། བདུན་བརྒྱ་པ་སོགས་གྲངས་ལས་མིང་དུ་བཏགས་པའི་མདོ་དྲུག་རབ་རྩལ་དང་། ཀཽའུ་ཤི་ཀས་ཞུས་པའི་མདོ་གཉིས་རྣམས་ཀྱང་མ་ཚང་བ་མེད་པར་གསན་ནོ། ། ཡང་དམ་པའི་ཆོས་འདུལ་བ་ལུང་སྡེ་བཞི་པོ་ཏི་བཅུ་དྲུག་ཡོད་པ་དཀར་ཆག་ལུགས་བཞིན་ལེགས་པར་གསན། Tenjur transmission ཡང་བསྟན་བཅོས་འགྱུར་རོ་ཅོག་གི་ནང་ནས་གཙོ་བོར་གལ་ཆེ་བ་རྣམས་གསན་པ་ལས། ཐོག་མར་རྒྱུད་སྡེ་བཞིའི་རྒྱུད་འགྲེལ། སྒྲུབ་དཀྱིལ་ཆ་ལག་དང་བཅས་པ་སོགས་གསན་པའི་སྐོར། སྒྲོལ་ཆེན་དྲི་མ་མེད་པའི་འོད་[A:66]སོགས་སེམས་འགྲེལ་གསུམ་གྱིས་གཙོས་པའི་ཆོས་ཚན་བརྒྱ་ཕྲག་བཞི་དང་བཞི་བཅུ་རྩ་བཞི་མདོ་ཕྱོགས་སོགས་སྐོར་གྱི་བྱམས་ཆོས་ལྔ་སོགས་ཆོས་ཚན་ཉི་ཤུ་རྩ་བདུན་རྣམས་སོ། ། ཡང་བདེ་མཆོག་སྙན་རྒྱུད་ཉམས་ཁྲིད་དུ་ལེགས་པར་མཛད་ནས་དེ་དག་གི་ཆ་ལག་གི་སྐོར། དཀར་ཆག་རྡོ་རྗེ་ཚིག་རྐང་སོགས་ཆོས་ཚན་བདུན་ཅུ་རྩ་བདུན་གྱི་བཀའ་ལུང་ལེགས་པར་གསན། ཡང་ཆོས་རྗེ་བླ་མས་མཛད་པའི་སྤྱོད་འཇུག་ཊཱིཀ་ཆེན་གྱི་ལུང་། དམར་ཁྲིད་ཚེམ་བུ་ལུགས་དང་། བློ་སྦྱོང་དོན་བདུན་མ་གཉིས་ཉམས་ཁྲིད་དུ་གསན། ཡང་སྒྲུབ་ཐབས་རྒྱ་མཚོར་གྲགས་