[B:22b]པའི་ལྷ་དམ་ཚིག་གསུམ་གྱི་རྒྱལ་པོ་སོགས་ཉིས་བརྒྱ་དང་བཞི་བཅུ་རྩ་གཉིས་ཀྱི་རྗེས་གནང་སོ་སོར་གསན་ཞིང་། དེ་དག་རེ་རེའི་སྒྲུབ་ཐབས་ཀྱི་ལུང་ཡང་མ་ཚང་བ་མེད་པར་གསན།
ཡང་ཇོ་བོའི་ཆོས་ཆུང་བརྒྱ་རྩར་གྲགས་པ་བྱང་ཆུབ་ལམ་སྒྲོན་སོགས་ཆོས་ཚན་བརྒྱ་དང་བརྒྱད་ཀྱི་ལུང་། ཡང་གྲུབ་པའི་དབང་ཕྱུག་ཤྲཱི་མི་ཏྲ་ཛོ་གིའི་ལུགས་ཀྱི་དབང་བརྒྱ་རྩ་བརྒྱད་ལ། ཕྱག་ན་རྡོ་རྗེ་འགྲོ་བཟང་ནས་དུས་ཀྱི་འཁོར་ལོའི་བར་གྱི་དཀྱིལ་འཁོར་གྱི་རྣམ་གྲངས་བརྒྱ་དང་བརྒྱད་ཀྱི་དབང་ཞག་རེ་ལ་དཀྱིལ་འཁོར་དགུ་མར་བྱས། [A:67]ཞག་བཅུ་གཉིས་ལ་དབང་ཡོངས་སུ་རྫོགས་པ་དང་། དེ་དག་གི་ཡིག་ཆའི་རིམ་པ། དབང་བརྒྱ་རྩའི་འབྱུང་ཁུངས་སོགས་ཆོས་ཚན་བཅུ་བཞིའི་ལུང་ཡང་གསན། ཡང་ཐུགས་རྗེ་ཆེན་པོ་གསང་སྒྲུབ་ལྷ་བཅུ་གསུམ་གྱི་དབང་བཞི་ཡོངས་རྫོགས་དང་། དེའི་ཡིག་ཆའི་རིམ་པ་མངོན་དཀྱིལ་སོགས་ཆོས་ཚན་བཅུ་དགུའི་ལུང་དང་བཅས་པ་ལེགས་པར་ཐུགས་རྒྱུད་གཏམས་པས་ཆོས་ཀྱི་རྒྱ་མཚོར་གྱུར་པ་ཡིན་ནོ། །Teaching from mKhan chen rin chen zla ba; A: p. 67ཡང་བདག་ཉིད་ཆེན་པོ་རིན་ཆེན་ཟླ་བ་ལ་བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་འཁྲི་ཤིང་ཡལ་འདབ་བརྒྱ་དང་བརྒྱད་ཀྱི་ལུང་གསན།Teachings from mKhan chen Byang chub brtson 'grus; A: p. 67ཁ་ཆེ་པཎ་ཆེན་གྱི་གདན་ས་པ་མཁན་ཆེན་བྱང་ཆུབ་བརྩོན་འགྲུས་པ་ལ་སྒྲུབ་ཐབས་བརྒྱ་རྩར་གྲགས་པ། ལྷ་རྡོ་རྗེ་གདན་པ་ནས་སྒྱུ་འཕྲུལ་དྲྭ་བའི་སྤྱན་རས་གཟིགས་ཡན་དགུ་བཅུ་རྩ་གསུམ་གྱི་སོ་སོའི་རྗེས་གནང་དང་། ཡིག་ཆའི་རིམ་པ་རྣམས་ཐ་དད་དུ་མ་ཚང་བ་མེད་པའི་བཀའ་ལུང་དང་ངེས་དོན་རྒྱ་མཚོའི་ལུང་ཡང་གསན།Teachings from 'Tshal min chos rje Ngag dbang bzang po; A: pp. 67-68ཡང་ཚལ་མིན་ཆོས་རྗེ་ངག་དབང་བཟང་པོའི་དྲུང་དུ། རྟ་མགྲིན་ཡང་གསང་ཁྲོས་པ་དང་ཕྱག་རྡོར་ཨུ་ཙརྱའི་རྗེས་གནང་། ཚེ་དཔག་མེད་ལྷ་དགུ་མའི་དབང་མ་གཅིག་གི་གཅོད་ཡུལ་[A:68]རྣམས་ལེགས་པར་གསན།
Teachings from Kun bzang rtse pa bSod nams rgyal mtshan; A: pp. 68-77ཡང་འཁྲུལ་ཞིག་ཀུན་སྤངས་ཆོས་རྗེ་རིག་པ་འཛིན་པའི་དེད་དཔོན་ཆེན་པོ་དཔལ་ཀུན་བཟང་རྩེ་པ་བསོད་ནམས་རྒྱལ་མཚན་པའི་དྲུང་དུ། འཁོར་ལོས་བསྒྱུར་བ་དྲུག་གི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་