[B:23a]དབང་ཡོངས་སུ་རྫོགས་པ། བདེ་མཆོག་གི་བཤད་རྒྱུད་ནས་གསུངས་པ་འཁོར་ལོ་སྡོམ་པ་ལྷ་ལྔ་རིགས་གསུམ་གྱི་དབང་། རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲྭ་བ་ལྷ་བཞི་བཅུ་རྩ་གསུམ་གྱི་དབང་། ཀྱེ་རྡོར་མཚོན་ཆ་ཅན་ནམ་དྲག་པོ་གདན་ཅན་དུ་གྲགས་པ་ལྷ་བཅུ་བདུན་གྱི་དབང་ཀྱེ་རྡོར་མཻ་ཏྲི་ལུགས་ལྷ་དགུའི་དཀྱིལ་འཁོར་དུ་དབང་བཞི་རྫོགས་པ། ཕག་མོ་ཞལ་གཉིས་མ། དབུ་བཅད་མ། དོན་གྲུབ་མ་གསུམ་གྱི་རྗེས་གནང་དང་དེ་རྣམས་སོ་སོའི་ཡིག་ཆའི་ལུང་།
ཕག་མོ་རུས་སྦལ་ཞབས་ཀྱི་བྱིན་རླབས། ཕག་མོ་ཞལ་གཉིས་མའི་བྱིན་རླབས། ཨུ་རྒྱན་སྒྲོལ་མ་དམར་མོ་ཞལ་བཞི་ཕྱག་བརྒྱད་མ་ལྷ་མོ་ཉི་ཤུ་རྩ་ལྔའི་དཀྱིལ་འཁོར་དུ་དབང་བཞི་རྫོགས་པ། སྒྲོལ་མ་ཀུ་རུ་ཀུལླེ་ཕྱག་དྲུག་མའི་རྗེས་གནང་། སྒྲོལ་མ་ཨུ་གྲ་ཏཱ་ར། རྡོ་རྗེ་གདན་པའི་དབང་གི་སྒྲོལ་མ་དམར་མོ་ཕྱག་གཉིས་མ་དབྱངས་ཅན་མ་དམར་མོ་མེ་ལོང་འཛིན་པ། སྒྲོལ་མ་ཀུ་རུ་ཀུལླེ་ཌོམྦི་ལུགས་ལྷ་[A:69]ལྔ་རྣམས་ཀྱི་སོ་སོའི་རྗེས་གནང་། གསང་འདུས་གཉིས་མེད་རྣམ་རྒྱལ་གྱི་དབང་། ཕྱག་རྡོར་འགྲོ་བཟང་སྙིང་པོ་ལྷ་གཅིག་གི་དབང་། ཕྱག་རྡོར་གོས་སྔོན་ཅན་དང་། རྣམ་འཇོམས་པ་རི་ལུགས་གཉིས་ཀྱི་རྗེས་གནང་། རྣམ་འཇོམས་ནག་པོ་ལྷ་ཉི་ཤུ་རྩ་བདུན་གྱི་དབང་། རྣམ་འཇོམས་ནག་པོ་ལྷ་བཅུ་དགུ་ཛ་ཡ་ཝརྨྨའི་ལུགས་ཀྱི་དབང་། གང་བློ་མའི་བསྟོད་སྒྲུབ་རྗེས་གནང་། འཇམ་དབྱངས་དཀར་པོ་ལྷ་ལྔ་མི་ཕམ་བཤེས་གཉེན་ལུགས་ཀྱི་རྗེས་གནང་། བསྲུང་བ་ལྔའི་བྱིན་རླབས་བུ་སྒྲུབ་ཀྱི་ལུང་དང་བཅས་པ། མཚན་བརྗོད་ནས་བྱུང་བའི་འཇམ་དབྱངས་ཟབ་པ་ལྷ་ཉི་ཤུ་རྩ་དྲུག་གི་དབང་བཞི་རྫོགས་པ། དེའི་ལུས་དཀྱིལ་གྱི་དབང་། སྨེ་བརྩེགས་ལྗང་ཁུའི་རྗེས་གནང་། ཐང་པོ་ཆེ་པ་ནས་བརྒྱུད་པའི་སྤྱོད་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་དཀར་ཆག་ལུགས་སུ་གྲགས་པའི་རིམ་པ་ནི། ཀུན་རིག་རྩ་བའི་དཀྱིལ་འཁོར་སྒོ་རྐྱང་རྩ་བའི་ལྷ་སོ་བདུན་འགྲོན་ཐབས་དང་བཅས་པ། ཤཱཀ་ཐུབ་སྐུའི་དཀྱིལ་འཁོར་ལྷ་བཅུ་བདུན། ཚེ་དཔག་མེད་གསུང་གི་དཀྱིལ་འཁོར་ལྷ་བཅུ་གསུམ། ཕྱག་ན་རྡོ་རྗེ་ཐུགས་ཀྱི་