R2: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད།

  • Pagination (Witness B): 23b
[B:23b]དཀྱིལ་འཁོར་ལྷ་བཅུ་གསུམ། འཁོར་ལོ་སྒྱུར་བ་ཡོན་ཏན་གྱི་དཀྱིལ་འཁོར་ལྷ་ཞེ་[A:70]བརྒྱད་འཇིག་རྟེན་ཁོར་ཡུག་དང་བཅས་པ། མེ་ལྟར་འབར་བ་ཕྲིན་ལས་ཀྱི་དཀྱིལ་འཁོར་འཁོར་བཅུ་བདུན་པ་སྟེ་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་དྲུག་དང་། འཇིག་རྟེན་པའི་དཀྱིལ་འཁོར་དྲུག་ལས་ཕྱག་ན་རྡོ་རྗེ་ཀླུ་ཆེན་བརྒྱད་ཀྱིས་བསྐོར་བ། མེ་ལྟར་འབར་བ་ལྷ་ཆེན་བརྒྱད། མེ་ལྟར་འབར་བ་གཟའ་ཆེན་བརྒྱད། ཕྱག་ན་རྡོ་རྗེ་ཞི་བ་ལ་ཕྱོགས་སྐྱོང་བཅུ་སྒོ་བ་དང་བཅས་པ། མེ་ལྟར་འབར་བ་ལ་འཇིགས་བྱེད་དགུ་ཆུང་མ་དང་ བཅས་ཤིང་སྒོ་བ་བཞི། ཕྱག་ན་རྡོ་རྗེ་ཞི་བ་ལ་རྒྱལ་ཆེན་སྒོ་བ་བཞི་དང་བཅས་པས་བསྐོར་བའི་དཀྱིལ་འཁོར་རྣམས་ཀྱི་སོ་སོར་དབང་རྫོགས་པ། མི་འཁྲུགས་པ་ཁ་ཆེ་ལུགས་ལྷ་ཉེར་གཅིག་གི་དཀྱིལ་འཁོར་དུ་དབང་། ཡང་མི་འཁྲུགས་པ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་དུ་དབང་། ཡང་མི་འཁྲུགས་པ་ཇོ་བོ་ལུགས་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་དུ་དབང་། ཡང་མི་འཁྲུགས་པ་ལྷ་དགུའི་དཀྱིལ་འཁོར་དུ་དབང་། མཁན་པོ་བོདྷི་ས་ཏྭས་མཛད་པའི་མཆོད་རྟེན་བརྒྱ་ལ་སོགས་པའི་ཆོ་ག་ལ་བརྟེན་པའི་རྗེས་གནང་། ཕྱག་རྡོར་དབང་བསྐུར་གྱི་དབང་། ཛེ་ཏཱ་རིའི་ལུགས་ཀྱི་བསྲུང་བ་ལྔའི་རིག་གཏད་གཟའ་དགུའི་མཆོད་ཆོག་མཆོད་སྦྱིན་དང་བཅས་[A:71]པའི་དབང་། ཚེ་དཔག་མེད་སྤྲུལ་སྐུའི་རྗེས་གནང་། བྱ་རྒྱུད་འོད་ཟེར་ཅན་ལྷ་ཉེར་ལྔའི་དབང་། དོན་ཞགས་ལྷ་ལྔའི་པཎ་ཆེན་ལུགས་ཀྱི་རིག་གཏད། སྤྱན་རས་གཟིགས་སེང་གེ་སྒྲའི་རྗེས་གནང་། སེང་གེ་སྒྲའི་གདོན་འགྲོལ། ཁ་སརྤ་ཎི་ལྷ་ལྔའི་རྗེས་གནང་། བཅུ་གཅིག་ཞལ་མཁའ་འགྲོ་ལྔ་དང་བཅས་པའི་རྗེས་གནང་། སློབ་དཔོན་དརྦན་ཨཱ་ཙརྱས་མཛད་པའི་བྱ་བ་ཀུན་ལས་བཏུས་པ་ཞེས་བྱ་བ། རྡོ་རྗེ་སློབ་དཔོན་ལ་དགོས་པའི་ཆོ་ག་ཇི་སྙེད་ཅིག་ཕྱོགས་གཅིག་ཏུ་བསྡུས་པའི་དཀྱིལ་འཁོར་གྱི་རྣམ་གྲངས་ལ། གསང་བ་འདུས་པ་འཇམ་རྡོར་ནས་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཡན་ལ་བཞི་བཅུ་རྩ་ལྔ། གཟའ་ཡུམ། ནོར་རྒྱུན་མ། གཙུག་ཏོར་རྣམ་རྒྱལ་ཏེ་བདེ་ལེགས་སུ་བྱེད་