R2: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད།

  • Pagination (Witness B): 24b
[B:24b]རྒྱུད་ཀྱི་འགྲེལ་ཆེན་དྲི་མེད་འོད་ཀྱི་འགྲེལ་བཤད་ངེས་པའི་དོན་གྱི་གསལ་བྱེད་ཅེས་བྱ་བ་ཆོས་རྗེ་བླ་མ་དམ་པས་མཛད་པ། གསང་བ་འདུས་པའི་བདག་བྱིན་གྱིས་བརླབ་པའི་རིམ་པ་དང་། མངོན་པར་བྱང་ཆུབ་པའི་རིམ་པ་གཉིསཨཱརྱ་དེ་བས་མཛད་པ། ལས་ཀྱི་མཐའ་བརྩམ་བྱེདཀླུའི་བློས་མཛད་པ། སྒྲུབ་ཐབས་ཀུན་ཏུ་བཟང་མོའི་བཤད་པབི་ད་པཱ་དས་མཛད་པ། དཔལ་ངན་སོང་སྦྱོང་རྒྱུད་རྣམས་ཀྱི་ལུང་། གཏེར་ཆོས་ཀླུ་གདོན་འདུལ་བ་འཇམ་དཔལ་ནཱ་ག་རག་ཤའི་རྗེས་གནང་། དེའི་ཡིག་ཆ་ལོ་རྒྱུས། བསྙེན་སྒྲུབ་བྱ་ཐབས་སོགས་ཀྱི་ལུང་། [A:74]ཡང་དྭགས་པོ་བཀའ་བརྒྱུད་པའི་བདེ་མགོན་སྦྲགས་མར་གྲགས་པའི་བདེ་མཆོག་ལྷན་སྐྱེས་ལྷ་ལྔའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བཞི་རྫོགས་པ། དེ་ལྟར་སྦྲགས་མའི་ཡེ་ཤེས་མགོན་པོ་ཡུམ་ཅན་ལྷ་བཅུ་དགུའི་དཀྱིལ་འཁོར་དུ་བུམ་དབང་དང་། དབང་གོང་མ་ཐ་སྙད་བྱར་རུང་ཙམ་གྱི་དབང་། པཎ་ཆེན་ལུགས་ཀྱི་ཕྱག་བཞི་པའི་རྗེས་གནང་། ཡེ་ཤེས་མགོན་པོ་ལྷ་ཉེར་ལྔའི་དབང་། བྱ་རོག་མ་སྤྱན་སྔ་གྲགས་བྱང་པའི་ལུགས་གཙོ་རྐྱང་དང་། ཡང་སྤྱན་སྔ་ཉེར་གཉིས་ལུགས་ལྷ་མང་གཉིས་ཀྱི་རྗེས་གནང་། བྱ་རོག་མ་དར་དམར་མའི་རྗེས་གནང་། སྟེང་པ་ལོ་ཙཱ་བའི་ལུགས་བྱ་རོག་མའི་རྗེས་གནང་གཏོར་དབང་། ཡེ་ཤེས་མགོན་པོའི་རྗེས་གནང་ཚར་ལུགས་ཕྱག་མཚན་གྱི་རྗེས་གནང་བཅས་པ། ཕྱག་བཞི་པ་འབར་མར་གྲགས་པ་ལྷ་བཅུའི་དབང་རྣམས་སོ། ། Doctrines related to the rNying ma Transmissionགཞན་ཡང་གསང་སྔགས་རྙིང་མའི་ཆོས་སྐོར་མང་དུ་གསན་པ་ལས་ཐོག་མར་རིག་འཛིན་སློབ་དཔོན་གྱི་སྐོར། བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་གྱི་དབང་། བླ་མ་གསང་འདུས་ཀྱི་དབང་། དེ་དག་གི་ཡིག་ཆ་དབང་ཆོག་སོགས་ཚང་མའི་ལུང་། བླ་མ་དྲག་པོའི་དབང་། བཀའ་བརྒྱད་བདེ་གཤེགས་འདུས་པ་ཞེས་གཏེར་ཁ་[A:75]གོང་མ་མངའ་བདག་མྱང་ནས་བརྒྱུད་པའི་དབང་བསྐུར་ཆེན་པོ་དང་བཀའ་མའི་དབང་། ཡང་བཀའ་བརྒྱད་ཡོངས་རྫོགས་ཞེས་པ་གཏེར་ཁ་འོག་