R2: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད།

  • Pagination (Witness B): 26b
[B:26b]བརྗོད་ཀྱི་འགྲེལ་པ་ཞེ་སྡང་རྡོ་རྗེས་མཛད་པའི་སྟེང་བཤད་པ། སྔགས་དོན་རྣམ་གཟིགས། སྒྲུབ་ཐབས་གསང་ལྡན་རིམ་གཉིས་ཀྱི་སྦྱིན་སྲེག་མཚན་བརྗོད་བཀླག་པའི་སྒོམ་ཁོག་སཱ་ཙའི་ཡིག་ཆུང་། དགེ་བསྙེན་མ་སྙན་གྲགས་དགེ་མ་དང་། དགེ་བསྙེན་མ་གྲགས་སྦྱིན་མ་དང་། སློབ་དཔོན་མྱ་ངན་མེད་པའི་དཔལ་གསུམ་གྱིས་མཛད་པའི་སྒྲུབ་ཐབས་དང་བཅས་པ་རྣམས་ཀྱི་ལུང་། གསང་ལྡན་གྱི་ཊཱི་ཀ་ཞེ་སྡང་རྡོ་རྗེས་མཛད་པ་དང་། སམྦུ་ཊའི་འགྲེལ་པ་ཨ་སངྐཱིརྟིས་མཛད་པ་གཉིས་ཀྱི་ལུང་བཤད་རྔོག་ལུགས་ཀྱི་ནཱ་རོ་ཆོས་དྲུག་གི་ཁྲིད་ཆ་ལག་དང་བཅས་པ། སྒྱུ་མ་ཆེན་མོའི་དབྱིབས་རྣལ་འབྱོར་གསུམ་གྱི་ཁྲིད། མཻ་ཏྲི་པའི་ལམ་དགུ་ཕྲུགས་ཀྱི་གདམས་ངག་དཔལ་དུད་སོལ་ལྷ་མོའི་རྗེས་གནང་། དེའི་ཡིག་ཆའི་ལུང་། འབའ་ར་ཆོས་དྲུག་ཏུ་གྲགས་པའི་ཉམས་ཁྲིད་ཀྱང་གསན། འཇམ་དཔལ་ནག་པོའི་མན་ངག་ནག་པོ་ཆེན་པོ་ཞལ་བཞི་པ་ཁྱུང་ཞལ་ཅན་གྱི་སྒྲུབ་སྐོར་དང་རྗེས་གནང་གི་ཡིག་ཆ། སྤྲོ་ལུང་པའི་ཚེ་ཆོག་གི་ལུང་། སུམ་པ་ལོ་ཙཱ་བའི་བློ་སྦྱོང་རྣམས་ལེགས་པར་གསན་ནོ། ། [A:81]
Teachings from Gling smad chos kyi rje Shes rab dpal ldan; A: pp. 81-82 ཡང་གསང་ཕུ་ནེའུ་ཐོག་གི་གདན་ས་པ་སར་གནས་ཀྱི་སེམས་དཔའ་ཆེན་པོ་གླིང་སྨད་ཆོས་ཀྱི་རྗེ་ཤེས་རབ་དཔལ་ལྡན་པ་ལས། rDo rje gsum gyi bsnyen sgrub ཕྱི་ནང་གི་ཆོས་ཚུལ་གསན་པ་ལ། རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ལམ་ཆ་ལག་དང་བཅས་པ་ཡོངས་སུ་རྫོགས་པར་གསན་པའི་རིམ་པ་ནི། གྲུབ་ཐོབ་ཨུ་རྒྱན་པ་ལས་བརྒྱུད་པའི་ལམ་སྨིན་གྲོལ་གཉིས་ལས། དང་པོ་དུས་ཀྱི་འཁོར་ལོའི་དབང་ཡོངས་སུ་རྫོགས་པ། དེའི་གྲོལ་ལམ་ཁྲིད་དུ་ལེགས་པར་གསན། དེ་དག་གི་ཡིག་ཆའི་རིམ་པ་ལ། གྲུབ་ཆེན་ཨུ་རྒྱན་པའི་རྣམ་ཐར་རིན་ཆེན་ཕྲེང་བ། བསྙེན་སྒྲུབ་རྩ་བ་རྡོ་རྗེའི་ཚིག་རྐང་སོགས་ཆོས་ཚན་བརྒྱ་དང་བཅུ་གཅིག་རྣམས་ཀྱི་བཀའ་ལུང་ཡོངས་སུ་རྫོགས་པ། འཇམ་ནག་གི་རྗེས་གནང་། ཀ་མ་ལ་ཤཱི་ལའི་སྒོམ་རིམ་ཐོག་མཐའ་བར་གསུམ། ཤེར་ཕྱིན་གྱི་ཁྲིད་ཕྲན། བཅུད་འབུམ་གྱི་