R2: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད།

  • Pagination (Witness B): 27a
[B:27a]ཡིག་ཆའི་རིམ་པ། ཅོང་ཞིའི་བཅུད་ལེན་སོགས་དཔེ་ཚན་བཅོ་ལྔའི་ལུང་། rDzogs chen teachings ཡང་དམ་ཆོས་རྫོགས་པ་ཆེན་པོའི་སྐོར་ལ། ཐོག་མར་སྒྲ་ཐལ་འགྱུར་གྱི་རྒྱུད་སོགས་རྒྱུད་བཅུ་བདུན་གྱི་ལུང་། དེ་རྣམས་ཀྱི་སྙིང་པོ་མན་ངག་ལ་སྙིང་ཏིག་གཉིས་ལས། དང་པོ་བི་མ་ལ་སྙིང་ཏིག་སྐོར་ལ་སྨིན་བྱེད་ལ་ཡང་སྤྲོས་བཅས་སྤྲོས་མེད། [A:82]ཤིན་ཏུ་སྤྲོས་མེད། རབ་ཏུ་སྤྲོས་མེད་ཀྱི་དབང་བཞི་སོ་སོར་གསན། གྲོལ་བྱེད་ལམ་གྱི་རིམ་པ་ཉམས་ཁྲིད་དུ་མཛད་ནས། དེ་དག་གི་ཡིག་ཆའི་རིམ་པ་ནི། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་དཀར་ཆག་ལྟར་བཏགས་གྲོལ་རྒྱུད་ཀྱི་མ་བུ་སོགས་ཆོས་ཚན་བདུན་ཅུ་རྩ་གཅིག་གི་བཀའ་ལུང་། Madyamaka and PramANa studies ཡང་ཕྱི་སྡེ་སྣོད་ཀྱི་སྐོར་དབུ་ཚད་ལ་སོགས་པ་ལ་ཐོས་བསམ་མཐར་ཕྱིན་པ་གནང་ངོ་། །
Teachings from Byams chen rab 'byams pa Sangs rgyas 'phel, mKhas pa bstan gsal and dGe ba rgyal mtshan; A: p. 82 གཞན་ཡང་གཞུང་ལུགས་རབ་འབྱམས་ཀྱི་མངའ་བདག་ཆེན་པོ་ཀུན་མཁྱེན་རྫོང་དཀར་བ་སངས་རྒྱས་འཕེལ་ལས། བཀའ་ཆེན་བཞིས་གཙོས་པའི་སྡེ་སྣོད་ཀྱི་གསུང་རབ་མཐའ་དག་ལ་གསན་སྦྱོང་དཔྱིས་ཕྱིན་པ་དང་། མཁས་པ་བསྟན་གསལ་བ་དང་། ཆོས་རྗེ་དགེ་རྒྱལ་བ་གཉིས་ལ་ཡང་གྲོགས་དན་གྱི་ཚུལ་དུ། ཐ་སྙད་རྣམས་ལ་ཐེ་ཚོམ་གཅོད་པར་མཛད་པས་གཙུག་ལག་མཐའ་དག་ལ་ཐུགས་ཀྱི་ངེས་གསང་རྙེད་དེ་ཕྱིར་རྒོལ་རྣམས་ལ་མི་འཇིགས་པའི་སྤོབས་པ་ཐོབ་པ་ཡིན་ནོ། ། Teachings from the 4th Zhwa dmar Chos grags ye shes; A: pp. 82-83 རྒྱལ་བ་དཀོན་མཆོག་ཡན་ལག་གི་སྤྲུལ་པ་ཞྭ་དམར་བ་ཆོས་ཀྱི་གྲགས་པ་ཡེ་ཤེས་དཔལ་བཟང་པོ་ལ། རྡོ་རྗེ་རྣལ་འབྱོར་མ་ལྷན་ཅིག་སྐྱེས་མ་ལྷ་ལྔའི་དབང་། མགོན་པོ་བེར་ནག་ཅན་གྱི་རྗེས་གནང་། ཙ་རིའི་ཞིང་སྐྱོང་སེང་གེའི་གདོང་[A:83]པ་ཅན་གྱི་རྗེས་གནང་རྣམས་སོ། །
Teachings from Ras chen dpal 'byor bzang po; A: p. 83 ངེས་པར་གྲུབ་པའི་དབང་ཕྱུག་ཆེན་པོ་རས་ཆེན་དཔལ་